ལྷ་ས་དེ་བཙོན་རྭ་ལྟ་བུར་གྱུར་ཡོད་གསུངས།

བོད་ཀྱི་རྒྱལ་ས་ལྷ་ས་ནས་ང་ཚོའི་རླུང་འཕྲིན་ཁང་ལ་ཁུངས་ལྡན་མི་སྣ་ཅིག་གིས་འགྲེལ་བརྗོད་གནང་ཡག་ལ། དེང་སྐབས་གྲོང་ཁྱེར་ལྷ་ས་དེ་བཞིན་བཙོན་རྭ་ལྟ་བུ་ཞིག་དུ་འགྱུར་ཡོད་ཅེས་གསུངས་སོང་།

2012.08.23

༄༅།    །གནས་ཚུལ་ངོ་སྤྲོད་པས་གསུངས་ཡག་ལ།    ལྷ་སའི་ལམ་གཞུང་ཆེ་ཁག་ཚང་མར་ཉེན་རྟོག་མི་སྣ་འགྲེམས་འཇོག་གིས་གྲོང་མི་ཚོ་ཕར་འགྲོ་ཚུར་འོང་བྱ་རྒྱུར་ཧ་ཅང་དམ་དྲག་ཆེན་པོ་བྱེད་བཞིན་འདུག་ཅེས་དང་། དེང་སྐབས་བོད་ནང་བོད་མི་ལས་རྒྱ་མི་མང་བ་མཐོང་རྒྱུ་ཡོད་པ་དང༌། རྒྱ་མི་ཚོ་གྲོང་ཁྱེར་ནང་འགྲོ་བསྐྱོད་བྱ་སྐབས།    དམིགས་བསལ་ལག་ཁྱེར་སོགས་གང་ཡང་དགོས་ཀྱི་མེད་པས་མ་ཟད། བོད་མི་དང་རྒྱ་མིའི་དབར་འཁྲུགས་རྩོད་རིགས་བྱུང་ཚེ།    ལམ་སེང་ཆབ་སྲིད་ཀྱི་གནད་དོན་ལ་རྩིས་ནས་བོད་མི་སྐད་ཆ་བཤད་ས་མེད་པ་བཟོ་བཞིན་ཡོད་པ་རེད།  ཅེས་གསུངས་སོང་།    གནས་ཚུལ་ངོ་སྤྲོད་པས་ད་དུང་།    ཕྱི་རྒྱལ་དུ་བཞུགས་མཁན་བོད་མི་ཚོས་རྒྱལ་ས་ལྷ་ས་ཁུལ་གྱི་ནང་མི་དང་དགའ་ཉེ་བློ་དཀར་ཚོར་ཞལ་པར་གནང་བ་ཡིན་ན། ལྷ་སའི་བདེ་འཇགས་ལས་ཁུངས་ཀྱི་སྲུང་བྱའི་སྡེ་ཚན་ཁང་ནང་གློག་དམར་པོ་ཞིག་འབར་བའི་རྗེས་ཞལ་པར་ཐོག་བཀའ་མོལ་ག་རེ་བྱུང་བ་ཚང་མ་རྒྱ་མིས་གསོ་ལྟ་སྒྲ་འཇུག་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎