རྫ་ཆུ་གཙང་པོའི་གནད་དོན་དེ་ཡང་ཨ་རྒྱ་གཉིས་བར་ཆབ་སྲིད་ཀྱི་རྩོད་གཞིར་འགྱུར་བཞིན་འདུག

2020-07-24
གློག་འཕྲིན།
མཆན།
Share
པར་བཀོད།
ལོའུསུ་(Laos)་རྒྱལ་ནང་བརྒྱུད་པའི་རྫ་ཆུ་(mekong)་གཙང་པོ། ༢༠༡༩
ལོའུསུ་(Laos)་རྒྱལ་ནང་བརྒྱུད་པའི་རྫ་ཆུ་(mekong)་གཙང་པོ། ༢༠༡༩
AFP

ཆུའི་ཆེད་དུ་དམག་འཁྲུག་རྫ་ཆུ་གཙང་པོའི་གནད་དོན་དེ་ཡང་ཨ་མི་རི་ཀ་དང་རྒྱ་ནག་གཉིས་བར་ཆབ་སྲིད་ཀྱི་རྩོད་གཞི་གསར་བ་ཞིག་ལ་འགྱུར་བཞིན་པ་རེད།
རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ཁག་གི་མཚོ་ཁུལ་གྱི་བདག་དབང་བདག་བཟུང་བྱ་ཐབས་བྱེད་བཞིན་པར་ཨ་མི་རི་ཀས་དེར་གདོང་ལེན་བྱེད་བཞིན་པ་དང་། ད་ཆ་ཕྱོགས་གཉིས་ཀྱི་བར་རྩོད་གཞིའི་གནད་དོན་གཙོ་བོ་གཞན་ནི། རྒྱ་ནག་གཞུང་གིས་རྫ་ཆུ་(Mekong)་གཙང་བོའི་ཐོག་ཆུ་རག་མང་པོ་ཞིག་རྒྱབ་པ་དེས། གཙང་བོ་རྒྱུག་ཡུལ་གཤམ་འོག་གི་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་རྒྱལ་ཁབ་མང་པོ་ཞིག་གི་མང་ཚོགས་ས་ཡ་མང་པོར་ཆུ་མེད་པའི་དཀའ་ངལ་སེལ་ཐབས་ལ། ཨ་མི་རི་ཀས་རྒྱལ་ཁབ་དེ་རྣམས་རོགས་རམ་དང་རྒྱ་ནག་གི་བྱེད་བབས་ལ་གདོང་ལེན་བྱེད་དགོས་པར་གྱུར་ཡོད་པ་རེད།
འཐབ་རྩོད་ཀྱི་ངོ་བོ་དེ། ཨ་མི་རི་ཀ་དང་རྒྱ་ནག་གཉིས་སོ་སོས་རྫ་ཆུ་(Mekong)་གཙང་བོའི་ཐོག་ཆུ་རག་རྒྱབ་པའི་ཤུགས་རྐྱེན་གྱི་སྐོར་ཉམས་ཞིབ་ཀྱིས་སྙན་ཐོ་ཁག་གཉིས་འདོན་སྤེལ་གྱི་ཐོག་ནས་ཕྱོགས་གཉིས་ཀྱི་བར་རྩོད་ལེན་བྱེད་བཞིན་ཡོད་པ་(Reuters)་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
ཕྱི་ཟླ་༤་པའི་ནང་འདོན་སྤེལ་བྱས་བའི་ཨ་མི་རི་ཀ་ཕྱོགས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་། སྔར་ལོར་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་རྒྱལ་ཁབ་མང་པོའི་ནང་ཐན་པ་བྱུང་བའི་སྐབས། རྒྱ་ནག་གིས་གཤམ་འོག་རྒྱལ་ཁབ་ཁག་ནང་རྒྱུག་པའི་རྫ་ཆུ་(Mekong)་གཙང་བོའི་ཐོག་རྒྱབ་པའི་ཆུ་རག་ནས་ཆུ་མ་བཏང་བར་བཀག་པས་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད།
ཆུ་འགོ་བོད་ནས་ཡིན་པའི་རྫ་ཆུ་གཙང་པོ་དེ་བཞིན་རྒྱ་ནག་ནང་རྒྱུག་པའི་རྗེས། གཤམ་འོག་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ལོའུ་(Laos) མཡན་མར་(Myanmar) ཐེ་ལེན་ཊི་(Thailand) ཀམ་བྷོ་ཊེཡ་(Cambodia) ཝེ་ཊི་ཎམ་(Vietnam)་བཅས་ནང་རྒྱུག་བཞིན། རྒྱལ་ཁབ་དེ་རྣམས་ཀྱི་མང་ཚོགས་ས་ཡ་༦༠་ཙམ་གྱི་འཚོ་རྟེན་ཞིང་ལས་དང་གཞན་ཉ་བཟུང་ནས་འཚོ་བ་སྐྱེལ་གྱི་ཡོད་པས། རྒྱ་ནག་གིས་རྫ་ཆུ་(Mekong)་གཙང་ཆུའི་ཐོག་ཆུ་རག་ཁག་༡༡་ཙམ་རྒྱབ་ཡོད་པས། དེས་གཤམ་འོག་རྒྱལ་ཁབ་ཁག་ནང་ཆུའི་རྒྱུག་ཤུགས་ཆུང་དུ་ཕྱིན་པའི་ཉེར་ལེན་གྱིས་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། ཡིན་ན་ཡང་གཤམ་འོག་རྒྱལ་ཁབ་ཁག་རྒྱ་ནག་གི་སྟོབས་ཤུགས་ལ་སྐྲག་ནས་དམིགས་བསལ་སྐྱོན་བརྗོད་བྱེད་ནུས་ཀྱི་མེད་པ་རེད། དེར་བརྟེན་ཨ་མི་རི་ཀས་རྒྱ་ནག་གི་བྱེད་སྟངས་དེར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་རྒྱུན་ལྡན་ལྟར་དེར་དང་ལེན་བྱེད་ཀྱི་མེད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས། རྫ་ཆུ་(Mekong)་གཙང་པོའི་གནད་དོན་དེ་ནི། རྒྱ་ནག་གིས་ལྷོ་རྒྱ་ནག་གི་རྒྱ་མཚོའི་མཚོ་ཁུལ་བདག་དབང་ཆེད་མངའ་ཁུལ་རྒྱལ་ཁབ་ཚོར་བཙན་པོ་དབང་ཡོད་བྱེད་ཀྱི་ཡོད་པའི་གནད་དོན་ལྟར་། ད་ཆ་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་བར་ཆབ་སྲིད་ཀྱི་རྩོད་གླེང་ཞིག་ཏུ་འགྱུར་བཞིན་ཡོད་པ་གསུངས་ཀྱི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།