རྒྱ་ནག་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུཊ་ཀྱི་འགན་འཛིན་ཟུར་པར་ཁྲིམས་ཐག་བཅད་འདུག

2020-01-21
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་སྤྱིའི་ཉེན་རྟོག་སྤྱི་ཁྱབ་ཟུར་པ(Meng HongWei)
རྒྱལ་སྤྱིའི་ཉེན་རྟོག་སྤྱི་ཁྱབ་ཟུར་པ(Meng HongWei)
AP

རྒྱ་ནག་སྤྱི་བདེ་ལྷན་ཁང་གི་བློན་ཆེན་གཞོན་པ་ཟུར་བ་དང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་ཟུར་བ་མིན་ཧོང་ཝེས་(Meng HongWei)་ལ་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ཏེ་ལོ་༡༣་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཆད་བཅད་འདུག
ཟླ་འདིའི་ཚེས་༢༡་ཉིན་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་དང་པོ་ནས་དེ་སྔ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་བའི་རྒྱ་ནག་སྤྱི་བདེ་ལྷན་ཁང་གི་བློན་ཆེན་གཞོན་པ་ཟུར་བ་དང་། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་ཟུར་བ་མིན་ཧོང་ཝེས་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ཏེ་ལོ་༡༣་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་དང་། མིན་ཧོང་ཝེས་ཡིས་ཕྱི་ལོ་༢༠༠༥་ལོ་ནས་ཕྱི་ལོ་༢༠༡༧་ལོའི་བར་དབང་ཆ་བེད་སྤྱོད་ཀྱིས་མི་གཞན་གྱི་ལག་ནས་ལྐོག་དངུལ་བླངས་བ་ཁྱོན་བསྡོམས་རྒྱ་ནག་གི་སྒོར་མོ་ས་ཡ་༡༤་ལྷག་ཟིན་ཡོད་པ་བརྗོད་ཡོད་ལ། དེ་བཞིན་ཁྲིམས་ཁང་ནང་མིན་ཧོང་ཝེས་རང་ཉིད་ནས་ཀྱང་ཁྲིམས་ཁང་གི་བཅད་ཁྲ་ངོས་ལེན་བྱས་ཏེ་གོང་རིམ་ལ་ཞུ་གཏུག་བྱེད་རྒྱུ་མིན་པའི་རྣམ་འགྱུར་བསྟན་ཡོད་ཚུལ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་བརྗོད་འདུག
ད་ལྟ་རང་ལོ་༦༦་ཡིན་པའི་མིན་ཧོང་ཝེས་ནི་རྒྱ་ནག་ཧེ་ལུང་ཅང་ཞིང་ཆེན་ཧར་པེན་ནས་ཡིན་ཞིང་། ཕྱི་ལོ་༢༠༠༤་ལོ་ནས་བཟུང་སྐབས་དེའི་རྒྱ་ནག་སྤྱི་བདེ་ལྷན་ཁང་གི་བློན་ཆེན་ཀྲིག་ཡོང་ཁང་གི་ལག་རོགས་གཞོན་པར་གྱུར་ནས། ལོ་༡༤་རིང་རྒྱ་ནག་སྤྱི་བདེ་ལྷན་ཁང་གི་བློན་ཆེན་གཞོན་པའི་གོ་གནས་འཁུར་བ་དང་། ཕྱི་ལོ་༢༠༡༦་ལོར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་དུ་བསྐོ་བཞག་བྱས་ཤིང་། དེ་ནི་སྒྲིག་འཛུགས་དེའི་འགན་འཛིན་གྱི་གོ་གནས་འཁུར་བའི་རྒྱ་ནག་གི་མི་སེར་ཐོག་མ་དེ་རེད་འདུག
ཕྱི་ལོ་༢༠༡༨་ལོའི་ཕྱི་ཟླ་དགུ་བར་ཁོ་ཧྥ་རན་སི་ནས་ཕྱིར་རྒྱ་ནག་ནང་ལས་དོན་ཕྱོགས་བསྐྱོད་ལ་ཕྱིན་རྗེས་བོར་བརླག་སོང་ནས། སྐབས་ཤིག་ལ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་བྱེད་ཡུལ་དུ་གྱུར་བ་དང་། ཁོའི་ཆུང་མས་ཧྥ་རན་སིའི་ཉེན་རྟོག་ཕྱོགས་ལ་གྱོད་དོན་སྙན་ཞུ་ཕུལ་ནས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་མྱོང་ཡོད་འདུག
༢༠༡༨་ལོའི་སྤྱི་ཟླ་༡༠་པར་རྒྱ་ནག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་མིན་ཧོང་ཝེས་ཡི་ནག་ཉེས་གསལ་བསྒྲགས་བྱས་པའི་དུས་མཚུངས་སུ་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་ནས་རྩ་དགོངས་ཞུས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།