ཨ་རིའི་ཆོས་དད་རང་དབང་དར་སྤེལ་ཆེད་ཀྱི་ཆེས་མཐོའི་ལྷན་ཚོགས་ཐོག་བོད་མི་མཉམ་ཞུཊ།


2019.07.16
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྤྱི་ཁྱབ་སྐུ་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་མཆོག་རྣམ་གཉིས། ༢༠༡༩།༧།༡༦ ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྤྱི་ཁྱབ་སྐུ་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་མཆོག་རྣམ་གཉིས། ༢༠༡༩།༧།༡༦
AP

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདུ་བསྐོང་གནང་པའི་ཆོས་དད་རང་དབང་དར་སྤེལ་ཆེད་ཀྱི་ཆེས་མཐོའི་ལྷན་ཚོགས་ཐེངས་གཉིས་པའི་ཐོག་བོད་པའི་སྐུ་ཚབ་ཁག་ཅིག་མཉམ་ཞུགས་གནང་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདུ་བསྐོང་གནང་པའི་ཆོས་དད་རང་དབང་དར་སྤེལ་ཆེད་ཀྱི་ཆེས་མཐོའི་ལྷན་ཚོགས་ཐེངས་གཉིས་པ། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་དུ་འདི་ཚེས་༡༦་ཉིན་ནས་ཉིན་གྲངས་གསུམ་རིང་ཚོགས་བཞིན་པ་དང་། དེའི་ཐོག་འཛམ་གླིང་གི་རྒྱལ་ཁབ་ཁག་མང་པོའི་སྐུ་ཚབ་མི་སྣ་བརྒྱ་ལྷག་གི་གཙོས་ཚོགས་ཞུགས་པ་མི་གྲངས་༡༠༠༠་ལྷག་འཛོམས་པའི་ཁྲོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་ཚ་མོ་ཉི་མ་ལྷ་མོ་ལགས་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བོད་མི་ཁག་ཅིག་མཉམ་ཞུགས་གནང་ཡོད་པ་རེད།
ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་མཆོག་གིས། ད་རེས་ཀྱི་ཚོགས་འདུ་འདི་བརྒྱུད་འཛམ་གླིང་སྤྱི་ཡོངས་ལ་ཆོས་དད་རང་དབང་གོང་སྤེལ་གཏོང་རྒྱུའི་ཐད་ཤུགས་གནོན་རྒྱག་གི་ཡིན་ཞེས་ནན་བརྗོད་དང་འབྲེལ་ཆོས་དད་རང་དབང་དང་འབྲེལ་བའི་གཏམ་བཤད་གནང་སོང་།
ཚོགས་ཐོག་ད་དུང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྤྱི་ཁྱབ་སྐུ་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་མཆོག་གིས། ད་རེས་ཀྱི་ཚོགས་འདུ་འདི་ལྟབུ་བརྒྱུད་ཨ་མི་རི་ཀའི་ངོས་ནས་འཛམ་གླིང་སྤྱིའི་ཆེད་དུ་ཆོས་དད་རང་དབང་གོང་སྤེལ་གཏོང་རྒྱུ་གལ་ཆེན་ལ་བརྩི་བཞིན་པ་དང་། དེའི་ཐད་མུ་མཐུད་ནས་ལས་འགུལ་སྤེལ་རྒྱུ་ཡིན་པ་སོགས་ཆོས་དད་རང་དབང་གོང་འཕེལ་གཏོང་རྒྱུའི་ལས་དོན་ནང་རྒྱལ་ཁབ་ཕན་ཚུན་མཉམ་འབྲེལ་ཤུགས་ཆེ་བ་དགོས་བའི་སྐོར་གཏམ་བཤད་གནང་ཡོད་པ་རེད།
སྐབས་དེར་ཚོགས་ཞུགས་པའི་ཁྲོད་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ཇན་ཧྥེ་གྷལ་(Jan Figel)་མཆོག་ལ་འདི་ག་རླུང་འཕྲིན་ཁང་གིས་བཅར་འདྲི་བྱས་སྐབས། ཁོང་གིས། བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐད་ཐུགས་འཚབ་ཡོད་པ་འགྲེལ་བརྗོད་གནང་བ་དང་སྦྲགས་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་དང་། ལྷག་དོན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་ཡང་སྲིད་ཀྱི་ཐད་ཐེ་ཇུས་བྱས་ན་རྩ་བ་ནས་འགྲིག་ཐབས་མེད་པ་གསུངས་ཡོད་པ་རེད།
དེ་ནས་ཉིན་རྒྱབ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་མཆོག་དང་བགྲེས་ཡོལ་དུ་ཕེབས་ཟིན་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Frank Wolf)་རྣམ་གཉིས་ནས་གཏམ་བཤད་གནང་རྒྱུ་ཡིན་པ་རེད།
ད་རེས་ཀྱི་ལྷན་ཚོགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྤྱི་ཁྱབ་སྐུ་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་མཆོག་གིས་གཙོ་སྐྱོང་གནང་བའི་ཐོག་རྒྱ་ནག་ནང་གི་ཆོས་དད་རང་དབང་ལ་འཕྲད་བཞིན་པའི་དཀའ་ངལ་དང་། ཨ་རིའི་གཞུང་ཕྱོགས་ནས་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་ཐབས་ལམ་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད།
ལྷན་ཚོགས་ཀྱི་ཉིན་གཉིས་པ་ཚེས་༡༧ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་མཆོག་ནས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལས་དོན་ཐོག་བྱས་རྗེས་ཆེན་པོ་འཇོག་མཁན་ཚོར་བྱ་དགའ་གནང་རྒྱུ་དང་། སྤྱི་ཚེས་༡༨ཉིན་མཐའ་མར་ཨ་རིའི་སྲིད་འཛིན་གཞོན་པ་(Mike Pence)་མཆོག་གིས་མཇུག་སྡོམ་གཏམ་བཤད་གནང་རྒྱུ་སོགས་ཀྱི་ལས་རིམ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎