བལ་ཡུལ་ནང་བོད་མི་ངོ་རྒོལ་བ་བརྒྱ་ཕྲག་ཅིག་འཇུ་བཟུང་བྱས་པ།

བལ་ཡུལ་ཉེན་རྟོག་པས་བོད་མི་ངོ་རྒོལ་བ་ཉུང་མཐར་ཡང་ མི་གྲངས་བརྒྱ་ཕྲག་འཇུ་བཟུང་བྱས་ཡོད་འདུག

༄༅༎བལ་ཡུལ་ཉེན་རྟོག་པས་བོད་མི་ངོ་རྒོལ་བ་ཉུང་མཐར་ཡང་མི་གྲངས་བརྒྱ་ཕྲག་འཇུ་བཟུང་བྱས་

ཡོད་འདུག

དེ་ཡང་གཟའ་པ་སངས་ཉིན་བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ

་རྒོལ་སྐད་འབོད་བྱེད་པའི་སྐབས་

བལ་ཡུལ་ཉེན་རྟོག་པས་བོད་མི་ཉུང་མཐར་ཡང་བརྒྱ་ཕྲག་འཇུ་བཟུང་བྱས་ནས་ཉེན་རྟོག་དོ་དམ་

ལས་ཁང་དུ་བཀག་ཉར་བྱས་ཡོད་པ་

བལ་ཡུལ་གྱི་ཉེན་རྟོག་དཔོན་རིགས་ཧོམ་ཇུང་ཆེན་ཧེམ་ནས་ཕཱ་རན་སི་གསར་འགྱུར་བརྒྱུད་ལམ་ལ་

འགྲེལ་བརྗོད་བྱས་འདུག

བོད་ནང་བོད་མི་ཚོས་ཞི་བའི་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་

བྱས་པའི་རྗེས་བལ་ཡུལ་ནང་ཉིན་ལྟར་

རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མུས་ཡིིན་པ་དང་། ད་རེས་གཟའ་པ་སངས་ཉིན་བོད་མི་ཚོས་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོ

ལ་སྐད་འབོད་བྱེད་པའི་སྐབས་དགེ་འདུན་པ་དང་བཙུན་མ་གཙོ་བོ་གནང་བའི་བོད་མི་བརྒྱ་ཕྲག་ཅིག་

འཛིན་བཟུང་བྱས་ཡོད་པ་དང་། ཡིན་ནའང་ཉེན་རྟོག་དཔོན་རིགས་དེས་ཞགས་པོ་གཅིག་གི་རྗེས་འཇུ་བཟུང་བྱས་པའི་བོད་མི་ཚོ་གློད་

བཀྲོལ་གཏོང་རྒྱུ་ཡིན་པ་གསུང་བཞག

གཟའ་ཕུར་བུའི་ཉིན་བལ་ཡུལ་ནང་ཡོད་པའི་ཨ་རིའི་སྐུ་ཚབ་ནས་བལ་ཡུལ་གྱི་སྲིད་བློན་དང་མཇལ་

འཕྲད་གནང་བའི་སྐབས་བལ་ཡུལ་གཞུང་གིས་བལ་ཡུལ་ནང་ཡོད་པའི་བོད་མི་ཚོར་ཞི་བའི་ངོ་རྒོལ་གྱི་

ལས་འགུལ་སྤེལ་རྒྱུར་འགོག་རྐྱེན་མི་བཟོ་རྒྱུའི་སྐུལ་མ་གནང་ཡོད་པ་དང་འབྲེལ་། བལ་ཡུལ་གཞུང་གིས་བོད་མི་ངོ་རྒོལ་བྱེད་མཁན་ཚོར་ཉེས་རྡུང་གཏོང་ཡས་དང་འཇུ་བཟུང་བྱེད་ཡས་ཀྱི་

གནད་དོན་ཐོག་ཐུགས་འཚབ་ཡོད་པའི་རྣམ་འགྱུར་བཏོན་གནང་ཡོད་པ་རེད་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org