རྒྱ་ནག་ནང་ཨོ་ལིམ་པིག་དཔལ་འབར་སྐོར་བསྐྱོད་བྱེད་བཞིན་པ།

དེ་རིང་རྒྱ་ནག་གི་བྱང་ཕྱོགས་ཞིང་ཆེན་ཧེ་ལོང་ཅང་ནང་གི་རྡོ་སྣུམ་གྱི་ལྟེ་གནས་གྲོང་ཁྱེར་ཏ་ཆིང་ནང་ཨོ་ལིམག་དཔལ་འབར་སྐོར་བསྐྱོད་བྱས་འདུག

2008-07-12
Share

༄༅༎རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་ཚོགས་པར་ཟླ་བ་གཅིག་ཙམ་ལས་མེད་པ་བཞིན་རྒྱ་ནག་གི་ས་ཁུལ་ཁག་ནང་མུ་མཐུད་ནས་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་བྱེད་བཞིན་ལྟར་དེ་རིང་རྒྱ་ནག་གི་བྱང་ཕྱོགས་ཞིང་ཆེན་ཧེ་ལོང་ཅང་ནང་གི་རྡོ་སྣུམ་གྱི་ལྟེ་གནས་གྲོང་ཁྱེར་ཏ་ཆིང་ནང་སྐོར་བསྐྱོད་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།

དེ་རིང་ཏ་ཆིང་གྲོང་ཁྱེར་ནང་གནམ་གཤིས་ཆར་ཤོད་ཆེ་བའི་འོག་སྔ་དྲོའི་ཚོུད་༨ དང་སྐར་མ་༢༠ ཐོག་དཔལ་འབར་སྐོར་བསྐྱོད་འགོ་བཙུགས་ཏེ་དཔལ་འབར་སྤྲོད་ལེན་བྱེད་མཁན་གྱི་མི་གྲངས་༢༠༨ ཀྱིས་སྐོར་བསྐྱོད་ཀྱི་བྱེད་སྒོའི་ནང་བཞུགས་ཡོད་པ་རེད།

ཏ་ཆིང་གྲོང་ཁྱེར་ནི་རྡོ་སྣུམ་ཐོན་ཁུངས་ཀྱི་ས་ཁུལ་ཞིག་ཡིན་ཞིང༌། དེ་ཡང་རྒྱ་ནག་གཞུང་གིས་ཧེ་ལོང་ཅང་ཞིང་ཆེན་ནང་གི་གྲོང་ཁྱེར་ཁག་གསུམ་ནང་དཔལ་འབར་སྐོར་བསྐྱོད་བྱ་རྒྱུའི་འཆར་གཞིའི་ནང་གི་གྲོང་ཁྱེར་གཅིག་ཡིན་པ་དང༌། དེ་རིང་ཏ་ཆིང་གྲོང་ཁྱེར་གྱི་དཔལ་འབར་སྐོར་བསྐྱོད་ཀྱི་བྱེད་སྒོ་ཚར་བའི་རྗེས་ཧེ་ལོང་ཅང་ཞིང་ཆེན་གྱི་གྲོང་ཁྱེར་ཆེ་བ་ཨང་གཉིས་པ་ཆི་ཆིང་ཧར་ཞེས་པའི་ནང་སྐོར་བསྐྱོད་བྱ་རྒྱུ་ཡིན་པ་རེད། དེ་རྗེས་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་བྱང་ཤར་ཅི་ལིན་ཞིང་ཆེན་གྱི་རྒྱལ་ས་ཁྲང་ཁྲུན་དུ་དཔལ་འབར་འབྱོར་གྱི་ཡོད་པ་དང༌། དེ་རིང་སྔ་དྲོ་ཅི་ལིན་ཞིང་ཆེན་ནང་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག་ལ་ས་གནས་གཞུང་གིས་ཅི་ལིན་ཞིང་ཆེན་ནང་གི་དཔལ་འབར་སྐོར་བསྐྱོད་ཀྱི་འགྲོ་ལམ་གཏན་འཁེལ་གསལ་བསྒྲགས་བྱས་ཡོད་ཅིང༌། དེ་ཡང་ཅི་ལིན་ཞིང་ཆེན་གྱི་རྩེད་མོའི་ལས་ཁང་གི་འགན་འཛིན་ཀྲང་པེ་ཕེང་གིས་བཤད་པར་གཞིགས་ན། རེས་གཟའ་ཉི་མའི་ཉིན་དགུང་དུ་དཔལ་འབར་ཁྲང་ཁྲུན་གྲོང་ཁྱེར་དུ་འབྱོར་གྱི་ཡོད་པ་དང་ཟླ་བ་འདིའི་ཕྱི་ཚེས་༡༤ ནས་༡༦ བར་ཉིན་གྲངས་གསུམ་རིང་དཔལ་འབར་དེ་བཞིན་ཁྲང་ཁྲུན་དང་སོང་ཡོན་ ཅི་ལིན་ ཡན་ཅི་ བཅས་གྲོང་ཁྱེར་བཞིའི་ནང་ཚོུད་བརྒྱད་དང་ཕྱེད་ཀའི་རིང་སྐོར་བསྐྱོད་བྱ་རྒྱུའི་འཆར་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎