ཨོ་ལིམ་པིཀསི་དཔལ་འབར་དེ་རྒྱ་ནག་གི་ཨའོ་མན་མཚོ་གླིང་དུ་བྱོར་བ།
ཨོ་ལིམ་པིཀསི་ཡི་དཔལ་འབར་དེ་རྒྱ་ནག་གི་འགན་རྩེད་ཀྱི་ ཡུལ་ལུང་ཨའོ་མན་མཚོ་གླིང་དུ་འབྱོར་ཡོད་པ་རེད་།
-
2008-05-03 -
-
-
༄༅༎ཨོ་ལིམ་པིཀསི་ཡི་དཔལ་འབར་དེ་རྒྱ་ནག་གི་འགན་རྩེད་ཀྱི་ཡུལ་ལུང་ ཨའོ་མན་མཚོ་གླིང་དུ་འབྱོར་ཞིང་ འདི་ནི་དཔལ་འབར་རྒྱ་ནག་སྐམ་ས་ཆེན་པོའི་ས་ཐོག་མ་སླེབས་གོང་གི་བསྐོར་བསྐྱོད་མཐའ་མ་དེ་ཡིན་པ་རེད་
དེ་སྔ་པོར་ཅུ་གཱི་སིའི་མངའ་ཁོངས་ཡིན་པ་ ཨའོ་མན་དུ་དཔལ་འབར་བསྐོར་བསྐྱོད་སྐབས་ ངོ་རྒོལ་དུས་ཟིང་ལ་སོགས་པ་ཧ་ལམ་འབྱུང་རྒྱུ་མིན་པའི་ཚོད་དཔག་བྱེད་བཞིན་ཡོད་ཅིང་ ཨའོ་མན་ནས་
དཔལ་འབར་དེ་རྒྱ་ནག་སྐམ་ས་ཆེན་པོའི་མཚོ་ཁའི་ས་གནས་ཧཡི་ནན་དུ་འོས་འདྲེན་བྱ་རྒྱུ་ཡིན་པ་རེད་ གཟའ་པ་སངས་ཉིན་ཨོ་ལིམ་པིཀསི་ཡི་དཔལ་འབར་དེ་ཧོང་ཀོང་ནང་བསྐོར་བསྐྱོད་བྱས་པའི་སྐབས་ བོད་དོན་རྒྱབ་སྐྱོར་བ་དང་ འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཞིང་ པེ་ཅིང་གི་ཨོ་ལིམ་པིཀསི་རྩེད་འགྲན་ལས་བྱེད་པ་ཚོའི་བསམ་འཆར་ལྟར་ ཨའོ་མན་དུ་དཔལ་འབར་བསྐོར་བསྐྱོད་བྱ་ཡུལ་གྱི་རྒྱང་ཐག་ཕྱེད་ཀ་ཙམ་ཐུང་རུ་བཏང་འདུག་པ་དང་ དཔལ་འབར་བསྐོར་བསྐྱོད་བྱ་ཡུལ་གྱི་ལམ་གཞུང་དང་ས་གནས་ཁག་ཏུ་ཉེན་རྟོག་པ་ཉི་སྟོང་ཉི་བརྒྱ་སྐོར་
འགྲེམས་འཇོག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཨའོ་མན་ནམ་དབྱིན་སྐད་ནང་མ་ཀའོ་ཞེས་པའི་
མཚོ་གླིང་འདི་ནི་ དེ་སྔ་པོར་ཅུ་གཱི་སིས་གཞུང་འཛིན་བྱས་པའི་ས་གནས་ཤིག་ཡིན་ཞིང་ ཕྱི་ལོ་༡༩༩༩ལོར་རྒྱ་ནག་གཞུང་ལ་ཕྱིར་སྤྲོད་བྱས་པ་དང་ ཧོང་ཀོང་དམིགས་བསལ་ས་ཁུལ་ལྟར་ ཨའོ་མན་ལ་ཡང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱ་ཡུལ་གྱི་ས་ཁུལ་ཞིག་
ཡིན་པ་རེད༎