རྒྱ་གར་གཞུང་གིས་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་ལ་གཟེངས་རྟགས་ཕུལ་འདུག


2018-01-26
Share
༧གོང་ས་མཆོག་གི་སྐུའི་བོད་ལུགས་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས། ༢༠༡༨།༡།༢༦ ༧གོང་ས་མཆོག་གི་སྐུའི་བོད་ལུགས་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས། ༢༠༡༨།༡།༢༦
སངས་རྒྱས་རྡོ་རྗེ།/RFA

རྒྱ་གར་གཞུང་གིས་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་ལ་(Padma Shri)་ཞེས་པའི་གཟེངས་རྟགས་མཐོ་གྲས་ཕུལ་འདུག
དེ་ཡང་ཟླ ༡ པོའི་ཚེས ༢༦ ཉིན་ནི་རྒྱ་གར་གྱི་དམངས་གཙོ་དུས་ཆེན་གྱི་ཉིན་མོ་ཡིན་པ་དང་། རྒྱ་གར་དམངས་གཙོའི་དུས་དྲན་ཐེངས ༦༩ ཉིན་དང་བསྟུན་སྤྱི་ནོར༧གོང་ས་མཆོག་གི་སྐུའི་བོད་ལུགས་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས་སུ་རྒྱ་གར་གྱི་པདྨ་ཤྲི་གཟེངས་རྟགས་ཕུལ་ཡོད་པ་རེད།
ད་ལྟ་དགུང་ལོ ༩༠ར་སོན་པའི་སྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་ནི་ལོ་མང་རིང་སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་བླ་སྨན་གྱི་ཞབས་ཞུ་བསྒྲུབས་པ་མ་ཟད། ༡༩༦༡ ཟླ ༣ ཚེས ༢༣ ཉིན་བཙན་བྱོལ་དུ་བཞུགས་སྒར་དརྨ་ཤཱ་ལར་བོད་གཞུང་སྨན་རྩིས་ཁང་ཐོག་མར་གསར་འཛུགས་གནང་སྐབས་འགན་ཁུར་བཞེས་མཁན་གཙོ་བོའི་གྲས་ཡིན་པ་རེད། ཁོང་གིས་ ༡༩༦༠ ནས་ ༡༩༨༠ བར༧གོང་ས་མཆོག་གི་སྐུའི་བླ་སྨན་པའི་ཞབས་ཞུ་བསྒྲུབས་ཡོད་འདུག
དེ་བཞིན་ཉིན་མོ་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་འཕར་ཡན་གྱི་སྲི་ཞུ་བ་རྣམ་བཀའ་ཤག་གི་མདུན་ཐང་དུ་འཛོམས་ཏེ་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་དུས་དྲན་སྲུང་བརྩི་ཞུས་འདུག
སྐབས་དེར སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་ཆབས་ཅིག་འདས་པའི་མི་ལོ ༥༩འི་རིང་སྐྱབས་བཅོལ་བོད་མི་ཚོར་གང་ཅིའི་ཐད་ནས་རྒྱ་གར་གཞུང་དམངས་གཉིས་ནས་མཐུན་འགྱུར་རོགས་མགོན་གནང་བརཐུགས་རྗེ་ཆེ་ཞུས་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།