པཎ་ཆེན་རིན་པོ་ཆེ་འཕྲལ་དུ་རྒྱ་ནག་གི་འཛིན་བཟུང་དོ་དམ་འོག་ནས་གློད་བཀྲོལ་གཏོང་དགོས།

2023.12.06
པཎ་ཆེན་རིན་པོ་ཆེ་འཕྲལ་དུ་རྒྱ་ནག་གི་འཛིན་བཟུང་དོ་དམ་འོག་ནས་གློད་བཀྲོལ་གཏོང་དགོས།
དབུས་བོད་མིའི་སྒྲིག་འཛུགས།

རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་གནང་བའི་བྱེས་ཀྱི་གདན་ས་ཆེན་པོ་བཀྲིས་ལྷུན་པོའི་དགོན་པ་དང་འཕགས་བོད་འབྲེལ་མཐུད་ལས་ཁང་གཉིས་ཟུང་འབྲེལ་སྒོ་ནས་རྒྱལ་ས་ལྡི་ལིའི་ནང་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ཁ་ས་ཕྱི་ཚེས་༥ཉིན་ལས་འགུལ་ཞིག་དབུ་འབྱེད་གནང་བའི་སར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕེབས་འདུག དེ་ཡང་ ITCO ཞེས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གིས། གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྤེལ་བའི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་སྐོར་གོ་རྟོགས་ཡོང་ཆེད་ལས་འགུལ་སྤེལ་བའི་ཐོག་གདན་ས་བཀྲིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་ལགས་རྒྱ་གར་གྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Surjeet Kumar དང་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་Shushil Kumar མཆོག་དང་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་གྲོས་ཚོགས་འཐུས་མི་Aneel Prasad Hegde དང་་་གྲོས་ཚོགས་འཐུས་མི་Chandeshwar Prasad ་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་Khirmey མཆོག་བཅས་ལྷན་བཞུགས་གནང་འདུག

Screenshot 2023-12-06 at 16-56-24 བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་གོ་སྒྲིག་འོག་ལྡི་ལི[...].png

སྐབས་དེར་བྱེས་ཀྱི་གདན་ས་ཆེན་པོ་བཀྲིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་བསྟན་འཛིན་ཐུབ་བསྟན་རབ་རྒྱལ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་འདུག རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་དམར་པོའི་གཞུང་ནས་བོད་དྲག་པོའི་བཙན་བཟུང་བྱས་པར་ངོ་རྒོལ་སྐྱོན་བརྗོད་གནང་བ་དང་སྦྲགས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡པ་མཆོག་འཕྲལ་མ་ཉིད་དུ་རྒྱ་ནག་གི་འཛིན་བཟུང་དོ་དམ་འོག་ནས་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་གནང་འདུག ཡང་སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གིས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༠་མཆོག་གིས་བོད་དང་བོད་མི་མང་ཆེད་བློས་གཏོང་ཆེན་པོ་གནང་བ་ཁག་གི་སྐོར་ཞིབ་ཕྲ་གསལ་བཤད་གནང་བའི་ཁར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ནི་དགུང་སྔོན་དབྱིངས་ཀྱི་ཉི་ཟླ་གཉིས་བཞིན་ངོས་འཛིན་ཞུ་ཡི་ཡོད་པ་དང་རྒྱ་ནག་དམར་ཤོག་ཚོགས་པས་བཙན་འཁྲིད་ཞུས་པའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡པ་མཆོག་འཕྲལ་དུ་གློད་བཀྲོལ་དགོས་པའི་སྐུལ་མ་གནང་འདུག ཡང་བཀྲིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་བོད་མི་རྣམས་དང་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་ནང་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཆོད་དད་རང་དབང་་བྱིས་པའི་ཐོབ་ཐང་དེ་བཞིན་ཀུན་གཟིགས་པཎ་ཆེན་རིམ་བྱོན་རྣམས་ཀྱིས་རྗེས་འཇུག་ས་ཡ་མང་པོའི་སྐུ་ཚབ་གནང་སྟེ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་དང་རྒྱ་གར་གཞུང་མང་གཉིས་ནས་རྒྱ་ནག་གཞུང་གིས་བཙན་འཁྲིད་ཞུས་པའི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡་པ་གློད་བཀྲོལ་ཡོང་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཕྱག་གཉིས་ཐལ་མོ་སྦྱར་གནང་སྟེ་འབོད་སྐུལ་ཞུས་འདུག་ལ་ད་དུང་ཁོང་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡་པ་མཆོག་གིས་སྐུ་ཚེའི་རྣམ་ཐར་མདོར་བསྡུས་ཤིག་སྙན་སྒྲོན་ཞུས་འདུག།

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་བཀྲིན་བསྐྱངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་པོ་སྟོད་ཁུལ་དུ་གཞུང་འབྲེལ་འཛུགས་སྐྲུན་ཁག་མུ་མཐུད་གཉེར་རྒྱུ་དང་མི་མང་ལ་བརྟན་བརླིང་དགོས་པའི་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎