ནོ་བེལ་ཞི་བདེའི་གཟེངས་རྟཊ་ཀྱི་རྩ་འཛིན་དང་ཡོངས་སུ་འགལ་བ།

2014-04-30
གློག་འཕྲིན།
མཆན།
Share
པར་བཀོད།
ནོར་ཝེ་ཡུལ་གྱི་སྲིད་བློན་ལྕམ་Erna Solberg
ནོར་ཝེ་ཡུལ་གྱི་སྲིད་བློན་ལྕམ་Erna Solberg
པར། AFP

ནོར་ཝེའི་སྲིད་བློན་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མིན་པའི་ཐག་གཅོད་དེ་བློ་ཕམ་བྱེད་དགོས་པ་ཞིག་ཡིན་པའི་གནས་ཚུལ་སྤེལ་འདུག
དེ་ཡང་ཨ་རིའི་The Boston Globe གསར་ཤོག་ནང་། ནོར་ཝེ་ཡུལ་གྱི་སྲིད་བློན་ལྕམ་Erna Solberg ཡིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་ནས་ཟླ་བ་རྗེས་མ་༧གོང་ས་ཏཱ་ལའི་བླ་མ་མཆོག་ཁུལ་དེར་ཆིབས་བསྒྱུར་སྐབས་མཇལ་འཕྲད་ཞུ་གི་མེད་པ་རེད།  རྒྱ་ནག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཁ་བྲལ་གྱི་ཕྱག་ལས་གནང་གི་ཡོད་པའི་མ་ཉེས་ཁ་གཡོག་ཞུས་ཏེ།  ཕྱི་རྒྱལ་ཡུལ་གྲུའི་སྲིད་གཞུང་ཁག་ལ་༧གོང་ས་མཆོག་དང་འབྲེལ་བ་ཞུ་མཚམས་འཇོག་དགོས་པའི་ཨུ་ཚུགས་ནན་སྐུལ་བྱེད་ཀྱི་ཡོད་ནའང་འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བས་རྒྱ་ནག་གིས་བཏོན་པའི་དགོས་འདུན་ལ་ཁ་ཡ་གནང་གི་མེད་པ་དེ་ནི་འོས་ཤིང་འཚམ་པ་ཞིག་རེད། རྒྱལ་ཁབ་ཀྱི་སྲིད་གཞུང་ཚང་མས་བསམ་ཚུལ་མི་འདྲ་བར་གསན་འཇོག་གནང་དགོས་ཀྱི་ཡོད་པ་དང་། གཞུང་འཛིནདཔོན་རིགས་ཀྱིས་༧གོང་ས་མཆོག་ལྟ་བུའི་དབུ་འཁྲིད་དང་མཇལ་འཕྲད་ཞུས་པ་ཙམ་གྱིས་མོས་མཐུན་རྒྱབ་སྐྱོར་ཞུས་པ་ཁྱབ་ཀྱི་མེད།
ལྷག་པར་དུ་ད་ལྟའི་སྐབས་འདིར་རྒྱ་ནག་དེ་བཞིན་འཛམ་གླིང་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་གྲས་ཆགས་ཀྱི་ཡོད་དུས། རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ཁོང་ཁྲོ་སློང་འདོད་མེད་པ་རེད། དཔེན་ན་ནོར་ཝེ་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་བར་དོ་ཕོག་ཐེབས་པ་དེས་ནོར་ཝེ་ཡི་ཉ་ཤ་ཕྱིར་ཚོང་ལ་གནོད་སྐྱོན་ཐེབས་ཡོད་པ་རེད། འོན་ཀྱང་ད་རེས་སྲིད་བློན་ལྕམ་Solberg ཡིས་༧གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུ་མིན་པའི་ཐག་གཅོད་དེས་ཐད་ཀར་ཤུགས་རྐྱེན་མེད་ནའང་ཐག་གཅོད་དེ་ནི་ནོར་ཝེ་ཡུལ་གྱིས་གཙིགས་ཆེར་འཛིན་བཞིན་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་རྩ་འཛིན་དང་ཡོངས་སུ་འགལ་ནས་རྒྱ་ནག་གིས་ཡུན་རིང་པོ་ནས་རྒྱལ་སྤྱིའི་གནད་དོན་ཐད་རང་སྣང་གང་དྲན་གྱི་སྒྲིག་སྲོལ་གསར་པ་བཟོ་གིན་ཡོད་པ་དེ་གསལ་པོ་རེད་ཅེས་གོང་གི་གསར་ཤོག་དེའི་རྩོམ་སྒྲིག་པའི་གླེང་བརྗོད་བཀོད་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།