ལས་འགུལ་བའི་འགོ་ཁྲིད་གཙོས་མི་གྲངས་༡༠༠་ལྷག་འཇུ་བཟུང་།


2014.11.25
ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་མང་པོ་འཇུ་བཟུང་བྱེད་བཞིན་པ། ༢༠༡༤།༡༡།༢༥ ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་མང་པོ་འཇུ་བཟུང་བྱེད་བཞིན་པ། ༢༠༡༤།༡༡།༢༥
AFP

ཧོང་ཀོང་ནང་སློབ་ཕྲུག་ཚོའི་འགོ་ཁྲིད་གཙོ་གྲས་ཁག་གཙོས་པའི་མི་གྲངས་༡༠༠་ལྷག་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
དེ་ཡང་ཧོང་ཀོང་གི་སློབ་ཕྲུག་ཚོས་སྣེ་འཁྲིད་དེ་ཧོང་ཀོང་གི་དམིགས་བསལ་སྤྱི་ཁྱབ་ས་གནས་མི་མང་རང་གིས་འོས་འདེམས་བྱེད་ཆོག་པའི་མང་གཙོའི་ཐོབ་ཐང་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་རྔམ་སྟོན་ཟླ་བ་གཉིས་ལྷག་ཙམ་རིང་བྱེད་སའི་Mong Kokཞེས་དཔལ་འབྱོར་གྱི་རྫོང་ཁོངས་ནས་ཧོང་ཀོང་གི་ཉེན་རྟོག་པ་ཚོས་ངོ་རྒོལ་བ་ཚོ་ཕྱིར་འབུད་བཏང་སོགས་གཙང་སེལ་ཉིན་གཉིས་རིང་བཟོ་རྒྱུའི་ལས་འགུལ་སྤེལ་སྐབས། ཚེས༢༦ཉིན་སློབ་ཕྲུག་ཚོའི་འགོ་ཁྲིད་གཙོ་བོ་ཁག་གཙོས་པའི་མི་གྲངས་༡༠༠་ལྷག་ཙམ་འཛིན་བཟུང་བྱས་འདུག ཧོང་ཀོང་གི་ཉེན་རྟོག་པ་ཚོས་བརྗོད་གསལ་ལྟར་ན། ཁྲིམས་འགལ་སྒོ་ནས་འདུ་འཛོམས་བྱེད་མཁན་དང་ཉེན་རྟོག་པ་ཚོར་རྒོལ་འཛིང་ངམ་ཡང་ན་འགལ་རྐྱེན་བཟོ་མཁན་མི་གྲངས་༡༡༦་འཛིན་བཟུང་བྱས་པ་དང་། ཡང་སྟ་རེ་དང་ཐོ་བ། ལྕགས་ཧྲེང་འཁྱེར་བའི་མི་ཞིག་ཀྱང་འཛིན་བཟུང་བྱས་པ་དང་། འཛིན་བཟུང་བྱས་པའི་ཁོངས་སུ་སློབ་ཕྲུག་ཚོའི་འགོ་ཁྲིད་རང་ལོ་༡༨་ལ་སོན་པའི་Joshua Wong་དང་། ཧོང་ཀོང་སློབ་ཕྲུག་སྤྱི་མཐུན་ཚོགས་པའི་དྲུང་ཆེ་གཞོན་པ་Lester Shumསོགས་ཡོད་སྐོར་སློབ་ཕྲུག་ཚོགས་པ་དེའི་ངོ་དེབ་བརྒྱུད་གནས་ཚུལ་སྤེལ་འདུག སློབ་ཕྲུག་ཚོའི་འགོ་ཁྲིད་Joshua Wong དང་། Lester Shumགཉིས་འཛིན་བཟུང་བྱས་པ་དེས་ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་སྟོབས་ཤུགས་ཆེ་རུ་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
དེ་ལྟར་ངོ་རྒོལ་བ་རྣམས་ས་གནས་གཙོ་བོ་ནས་ཕྱིར་འབུད་བཏང་ཡང་ས་གནས་གཞན་ཁག་གཅིག་ནང་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་རེད། སློབ་ཕྲུག་ཚོས་སྣེ་ཁྲིད་པའི་ངོ་རྒོལ་རྔམ་སྟོན་དེ་འགོ་བཙུགས་སྐབས་མི་མང་གཉིས་འབུམ་ལྷག་ཙམ་མཉམ་བཞུགས་བྱས་ཡོད་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

2014-11-25
ཧོང་ཀོང་ནང་གཙང་སེལ་སྐབས་ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་ལག་འཛིང་ཤོར་བ་དང་ཉེན་རྟོག་པས་ཉུང་མཐར་མི་༨༠་འཛིན་བཟུང་བྱས་འདུག
དེ་ཡང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཕྱི་ལོ་༢༠༡༧ ལོར་ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་འོས་འདེམས་བྱ་རྒྱུའི་དུས་ཚེས་གཏན་འབེབས་བྱས་ཡོད། འོན་ཀྱང་འགོ་ཁྲིད་འགྲན་བསྡུར་གྱི་འོས་མིའི་ནང་སུ་ཞུགས་ཆོག་མིན་སོགས་རྒྱ་ནག་སྐམ་ས་ཆེན་པོར་རྒྱབ་སྐྱོར་བྱ་མཁན་གྱི་ཚོགས་ཆུང་ཞིག་ནས་གཏན་འབེབས་བྱ་རྒྱུའི་ཆ་རྐྱེན་བཏོན་པ་དེར་ཧོང་ཀོང་གི་སློབ་ཕྲུག་ཚོས་འགོ་ཁྲིད་ཏེ་འདས་པའི་ཟླ་བ་གཉིས་ལྷག་ཙམ་རིང་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པ་རེད།
དེ་རིང་ཚེས༢༥གཟའ་མིག་དམར་ཉིན་ཧོང་ཀོང་གི་ཉེན་རྟོག་པའི་བཀོད་ཁྱབ་འོག་མོང་ཀོག་ས་གནས་སུ་ཡོད་པའི་ངོ་རྒོལ་བ་ཚོས་བསྐོར་བའི་རྭ་བ་གཏོར་ཐབས་བྱེད་སྐབས་ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་ལག་འཛིང་གི་དོན་རྐྱེན་བྱུང་ཡོད་པ་དང་ཉེན་རྟོག་པས་ཉུང་མཐར་མི་གྲངས་༨༠་འཛིན་བཟུང་བྱས་འདུག སྐབས་དེར་ངོ་རྒོལ་བྱ་ཡུལ་གྱི་ས་གནས་དེའི་ནང་ངོ་རྒོལ་བ་བརྒྱ་བསྐོར་ཞིག་ཡོད་འདུག འཛིན་བཟུང་བྱས་པའི་ཁོངས་སུ་ཧོང་ཀོང་མང་གཙོའི་ལས་འགུལ་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཧོང་ཀོང་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ ལེའུང་ཀོག་ཧུང་ཡང་ཡོད་པ་ཕྷརནསི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ཕྱི་ཟླ་དགུ་པའི་ནང་ཧོང་ཀོང་གི་མང་གཙོའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ངོ་རྒོལ་ལས་འགུལ་དེ་འགོ་བཙུགས་ནས་བཟུང་མོང་ཀོག་ས་གནས་འདི་ནི་ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་འཁྲུག་འཛིང་ཆེ་ཤོས་བྱུང་ཡུལ་དེ་ཆགས་ཡོད་པ་རེད།  

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎