བྷོ་ཚི་ཝ་ནཱའི་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་འཆར་འདུག


2017.07.13
ཨ་ཧྥི་རི་ཀའི་བྷོ་ཚི་ཝ་ནཱའི་སྲིད་འཛིན་(Ian Khama)མཆོག ཨ་ཧྥི་རི་ཀའི་བྷོ་ཚི་ཝ་ནཱའི་སྲིད་འཛིན་(Ian Khama)མཆོག
dailymaverick.co.za

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་བརྒྱད་པའི་ནང་གླིང་ཆེན་ཨ་ཧྥི་རི་ཀའི་ཡུལ་གྲུ་བྷོ་ཚི་ཝ་ནཱར་ཆིབས་བསྒྱུར་གནང་སྐབས་ཡུལ་དེའི་སྲིད་འཛིན་(Ian Khama)་ལགས་ཀྱིས་མཇལ་འཕྲད་ཞུ་འཆར་ཡོད་འདུག
དེ་ཡང་ཕྱི་ཚེས་༡༢་གཟའ་ལྷག་པར་བྷོ་ཚི་ཝ་ནཱ་གཞུང་གིས་སྤེལ་བའི་གསལ་བསྒྲགས་ནང་། ཁྱད་དུ་འཕགས་པའི་སྐྱེ་བོ་གང་ཉིད་ཀྱི་འཚམས་གཟིགས་འདིའི་ཐོག་ནས་ཡ་རབས་སྤྱོད་བཟང་གོང་སྤེལ་གཏོང་ནུས་པ་ཞིག་ཡིན་ཞེས་དང་། ཡང་༧གོང་ས་ཏཱ་ལའི་བླ་མ་མཆོག་བྷོ་ཚི་ཝ་ནཱ་རུ་ཆིབས་བསྒྱུར་གནང་བའི་སྐབས་སུ་རྒྱལ་ཁབ་དེའི་སྲིད་འཛིན་གྱིས་མཇལ་ཁ་ཞུ་རྒྱུ་ཡིན་ཞེས་གསལ་བསྒྲཊ་གནང་ཡོད་པ་རེད།
༧གོང་ས་མཆོག་ཕྱི་ཟླ་༨་པའི་ཚེས་༡༧་ནས་༡༩་བར་བྷོ་ཚི་ཝ་ནཱ་ཡི་རྒྱལ་ས་(Gaborone)གྲོང་ཁྱེར་དུ་ཡོད་པའི་བྷོ་ཚི་ཝ་ནཱ་སློབ་གྲྭ་ཆེན་མོའི་ནང་ཚོཊ་རྒྱུའི་སེམས་དང་སྲོག་གི་བགྲོ་གླེང་ཚོཊ་འདུར་དབུ་བཞུགས་གནང་རྒྱུ་ཡིན་པ་མ་ཟད། མི་མང་ལ་བཀའ་སློབ་གནང་རྒྱུ་སོཊ་ཀྱི་མཛད་འཆར་ཡང་ཡོད་འདུག
བྷོ་ཚི་ཝ་ནཱ་ཡི་སེམས་དང་སྲོག་གི་བགྲོ་གླེང་ཚོཊ་འདུ་དེའི་ཐོག་ཨ་ཧྥི་རི་ཀའི་འགྲོ་བ་མིའི་བདེ་རྩ་དོན་གཉེར་མཁན་དང་ཆོས་ལུགས་ཀྱི་དབུ་ཁྲིད། མཁས་དབང་སོཊ་ཀྱིས་༧གོང་ས་མཆོག་གིས་གཙོས་རྒྱལ་སྤྱིའི་དབང་རྩའི་ཚན་རིག་ཆེད་མཁས་པ་རྣམས་དང་ལྷན་དུ། ཨ་ཧྥི་རི་ཀའི་Botho/Ubuntu་ཞེས་གཅིག་ལ་གཅིག་བསྟུན་གྱི་ལྟ་གྲུབ་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། བྷོ་ཚི་ཝ་ནཱ་ཡི་སྲིད་འཛིན་ Ian Khama མཆོག་གིས་ཚོཊ་འདུ་དེའི་དབུ་འབྱེད་གསུང་བཤད་གནང་འཆར་ཡོད་འདུག
ཨ་ཧྥི་རི་ཀའི་(Botho/Ubuntu)་ཞེས་པའམ་གཅིག་ལ་གཅིག་བསྟུན་གྱི་ལྟ་གྲུབ་དེ་ནི་༧གོང་ས་སྐྱབས་མཆོག་ཆེན་པོ་མཆོག་གི་དགོངས་བཞེད་དང་མཐུན་པ་ཞིག་ཡིན་པས། ཚོཊ་འདུ་དེ་བརྒྱུད་ཨ་ཧྥི་རི་ཀའི་ནང་ནང་སྤྱོད་བཟང་གོང་སྤེལ་དང་སྤྱི་ཚོཊ་དྲང་བདེན། ཕོ་མོ་འདྲ་མཉམ་བཅས་ལ་ཕན་ཐོགས་འབྱུང་རྒྱུ་ཡིན་སྐོར་ཚོཊ་འདུ་གོ་སྒྲིག་པས་བརྗོད་ཡོད་པ་རེད།
བྷོ་ཚི་ཝ་ནཱ་རྒྱལ་ཁབ་ནི་རྒྱ་ནག་དང་ཚོང་འབྲེལ་རྒྱ་ཆེ་ཡོད་མཁན་ཞིག་ཡིན་ཞིང་། རྒྱ་ནག་གཞུང་གིས་དུས་རྒྱུན་༧གོང་ས་མཆོག་གི་ཆིབས་བསྒྱུར་གནང་ཡུལ་རྒྱལ་ཁབ་ཁག་ལ་སྐྱོན་བརྗོད་དང་བཅས་ཕྱི་འབྲེལ་ཐོག་གནོད་སྐྱོན་ཕོག་རྒྱུ་ཡིན་ལུགས་ཀྱི་ཉེན་བརྡ་གཏོང་གི་ཡོད་སྟབས། རྒྱལ་ཁབ་འདིར་ཡང་གཅིག་མཚུངས་ཀྱི་སྐྱོན་བརྗོད་བྱེད་སྲིད་པའི་དབྱེ་ཞིབ་བྱེད་མཁན་ཡང་བྱུང་བཞིན་པ་རེད།

གསར་འགོད་པ་རྡོ་རྗེ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎