ཉེན་རྟོག་ལས་ཁུངས་མདུན་ངོ་རྒོལ།


2013-10-15
Share
དཔལ་ཡུལ་བཤད་གྲྭར་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་དང་མང་ཚོགས་ཀྱིས་ས་གནས་ཉེན་རྟོག་ལས་ཁུངས་མདུན་ངོ་རྒོལ་གནང་བཞིན་པ།   དཔལ་ཡུལ་བཤད་གྲྭར་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་དང་མང་ཚོགས་ཀྱིས་ས་གནས་ཉེན་རྟོག་ལས་ཁུངས་མདུན་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག
པར། བོད་ནས་བཏང་བ།

དཀར་མཛེས་ཁུལ་དཔལ་ཡུལ་བཤད་གྲྭར་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་དང་མང་ཚོགས་ཀྱིས་ས་གནས་ཉེན་རྟོག་ལས་ཁུངས་མདུན་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

དེ་ཡང་རྒྱ་གཞུང་གི་ཉེན་རྟོག་པས་དཀར་མཛེས་ཁུལ་དཔལ་ཡུལ་བཤད་གྲྭར་སློབ་གཉེར་གནང་བཞིན་པའི་ཕ་ཡུལ་ནག་ཆུ་སྲོག་རྫོང་ནས་ཡིན་པའི་དགེ་འདུན་པ་སྐལ་བཟང་ཆོས་དར་ཞུ་བ་ཞིག་གློ་བུར་དུ་འཛིན་བཟུང་བྱས་པར་བརྟེན་ཁ་ས་ཕྱི་ཟླ་༡༠་ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པ་ཡས་མས་ལ། དགོན་པ་དེ་གའི་དགེ་འདུན་པ་ཡོངས་རྫོགས་ས་གནས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་ཁར་འཛོམས་ཏེ། འཛིན་བཟུང་བྱས་ཟིན་པའི་དགེ་འདུན་པ་དེ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་པ་དང་། རྒྱ་གཞུང་ཉེན་རྟོག་པའི་བྱེད་སྟངས་ལ་ཆུ་ཚོད་ཁ་ཤས་རིང་ངོ་རྒོལ་བྱས་འདུག

དེ་ལྟར་རིམ་པས་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་མི་ཚོགས་མང་པོ་འཛོམས་ནས་གནས་ཚུལ་ཛ་དྲག་འགྱུར་ཉེན་ལ་སོང་། ཉེན་རྟོག་ཁང་གི་འབྲེལ་ཡོད་ནས་དགེ་འདུན་པ་ཁོང་འདྲི་རྩད་ཆེད་ཁྲིན་འདུ་ལ་ཁྲིད་ཡོད་ལུགས་ཚང་མར་གསལ་བཤད་བྱས་ཡོད་འདུག

གནས་ཚུལ་ལྟར་ན། འཛིན་བཟུང་བྱས་བའི་དགེ་འདུན་པ་དེ་ཕ་ཡུལ་ནག་ཆུ་ས་ཁུལ་སོག་རྫོང་ནས་ཡིན་པར་བསྙད་ཏེ་ད་ལྟའི་ནག་ཆུ་ཕྱོགས་ཀྱི་བོད་མིའི་ཐོག་དམ་དྲག་དྲག་རྡུང་བྱེད་བཞིན་པ་ལས་ཁོ་ལ་ཉེས་བ་གང་ཡང་མེད་ཚུལ་བཤད་བཞིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།