ཨོ་ལིམ་པིག་ཚོཌ་གཙོས་བོད་ཀྱི་གྱེན་ལངས་མངོན་དཔག་བྱས་མེད།

རྒྱལ་སྤྱིའི་ཨོ་ལིམ་པིག་ཚོགས་ཆུང་གི་ཚོགས་གཙོ་ནས་བོད་ནང་གློ་བུར་གྱེན་ལངས་ཀྱི་ལས་འགུལ་ཡོང་གི་ཡོད་པའི་སྔོན་དཔག་བྱས་མེད་ལུགས།
2008-12-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གིས་སྔར་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་བོད་ནང་གྱེན་ལངས་བྱུང་བ་དེ་ནི་གློ་བུར་ཐོལ་རྒྱག་གི་བྱ་བ་ཡིན་པར་ངོས་འཛིན་གནང་བ་དང་སྦྲགས་ཛ་དྲག་ཞི་ཐབས་ཁོ་ནར་འབད་བརྩོན་གནང་ཡོད་ལུགས་ཚོགས་གཙོ་ཇའཁ་རོག་ཡིས་གསར་འགོད་པའི་འདྲི་བར་ལན་འདེབས་གནང་འདུག འོན་ཀྱང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་ཇའཁ་རོག་ཡིས་འཇར་མ་ནིའི་གསར་ཤོག་ཐོག་གསུངས་པར་བྱས་ན་གལ་ཏེ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གིས་མི་མངོན་པའི་སྲིད་བྱུས་མ་བཟུང་བར་མངོན་གསལ་དོད་པོས་ཨོ་ལིམ་པིག་རྩེད་འགྲན་མགྲོན་བདག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ལ་སྐྱོན་བརྗོད་བྱས་ཡོད་ན་ཨོ་ལིམ་པིག་རྩེད་འགྲན་ལ་བྱུས་ཉེས་ཆེན་པོ་བྱུང་ཡོད་ཀྱི་རེད་ཅེས་གསུངས་གནང་འདུག ང་ཚོར་གྲུབ་འབྲས་གང་ལེགས་ཐོན་སོང་།གལ་ཏེ་རྒྱ་ནག་ཐོག་ང་ཚོས་མཁྲེགས་པོ་བྱས་ཡོད་ན་ཨོ་ལིམ་པིག་རྩེད་འགྲན་དོན་གོ་མ་ཆོད་པ་ཉིད་དུ་གྱུར་ཡོད་ཀྱི་རེད་ཅེས་ཁོང་གིས་མུ་མཐུད་གསུངས་གནང་འདུག ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་ལ་འཐོབ་སྐབས་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་དུ་མ་ཡོང་ངེས་ཡིན་པའི་མངོན་དཔག་བྱས་ཡོད་ཀྱང་བོད་ནང་གློ་བུར་གྱེན་ལངས་ཀྱི་ལས་འགུལ་ཡོང་གི་ཡོད་པའི་མངོན་དཔག་བྱས་མེད་ལུགས་ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་འདུག ཡང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་ཇའཁ་རོག་ཡིས་འཛམ་གླིང་རྩེད་མོའི་འགྲན་བསྡུར་ནང་བཞུགས་མཁན་ཚོར་འགན་ཁུར་ཞུ་དགོས་པའི་གནད་དོན་ཐེར་འདོན་གནང་བ་དང་ཆབས་ཅིག་ཨོ་ལིམ་པིག་དཔལ་བརྒྱུད་གཏོང་བྱེད་པ་དང་རྩེད་འགྲན།གསར་འགོད།ཁོར་ཡུག་སོགས་ལ་ཡར་རྒྱས་གང་ལེགས་བྱུང་ཡོད་ཀྱང་འབྱུང་འགྱུར་ཨོ་ལིམ་པིག་དཔལ་འབར་བརྒྱུད་གཏོང་བྱ་ཕྱོགས་ཐད་བསམ་ཞིབ་བྱ་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།