སྲིད་སྐྱོང་མཆོག་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་མཆོག་དང་མཇལ་འཕྲད།

2020-10-16
གློག་འཕྲིན།
མཆན།
Share
པར་བཀོད།

༢༠༢༠།༡༠།༡༥། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རི་གཞུང་གིས་གསར་དུ་བསྐོ་གཞག་གནང་བའི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་སྐུ་ཞབས་Robert Destro་མཆོག་དང་མཇལ་འཕྲད་གནང་འདུག
༢༠༢༠།༡༠།༡༥། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རི་གཞུང་གིས་གསར་དུ་བསྐོ་གཞག་གནང་བའི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་སྐུ་ཞབས་Robert Destro་མཆོག་དང་མཇལ་འཕྲད་གནང་འདུག
བོད་མིའི་སྒྲིག་འཛུགས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ཟླ་༡༠ ཚེས་ ༡༥ ཉིན། ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་ཨ་རི་གཞུང་གིས་བསྐོ་བཞག་གནང་བའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་གསར་པ་སྐུ་ཞབས་Robert A.Destroམཆོག་དང་མཇལ་འཕྲད་གནང་སྟེ། བོད་རྒྱ་འབྲེལ་མོལ་སླར་གསོ་དང་། བོད་མིའི་སྒྲིག་འཛུགས་དང་ཨ་རིའི་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏོག་ཕྱོགས་སོགས་ཀྱི་ཐད་བཀའ་བསྡུར་གནང་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་མཇལ་འཕྲད་རྗེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྐུ་ཞབས་Destroམཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་གནང་པ་དང་། སྲིད་སྐྱོང་གི་ངོས་ནས་བོད་དོན་སྤྱི་དང་ལྷག་པར་དུ་ཁོང་གིས་བོད་རྒྱའི་དཀའ་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་ལ་ཤུགས་སྣོན་ཡོང་བའི་འབོད་སྐུལ་ཞུས་པ་གསུངས་ཤིང་། དེ་མཚུངས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཁོང་བཞུགས་སྒར་རྡ་སར་ཆེད་ཕེབས་གནང་རྒྱུའི་གདན་ཞུ་ཡང་ཕུལ་བ་གསུངས་ཡོད་པ་རེད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་ཁྱབ་ལས་ཁུངས་ནང་གཞུང་འབྲལ་ཐོག་མགྲོན་འབོད་གནང་སྟེ་བོད་མིའི་སྒྲིག་འཛུགས་དང་ཨ་རིའི་དབར་གྱི་འབྲེལ་ལམ་ཡར་རྒྱས་གོང་འཕེལ་གྱི་ཐད་ནས་གླེང་མོལ་བྱུང་བ་ད་རེ་ཐེངས་དང་པོ་ཡིན་པ་རེད་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་མཆོག་གིས་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་གནང་ཡོད་པ་དང་སྐབས་དེར་གསར་འགོད་ལྷན་ཚོགས་ཐོག་ཁོང་གིས་ཨ་རིའི་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་འདི་འགག་རྩའི་གནད་དོན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསུངས་ཡོད། ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་གིས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་དང་། རང་སྐྱོང་གི་ཐོབ་ཐང་ཚད་ལྡན་མེད་པ། བོད་ཀྱི་ས་ཁུལ་ཁག་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པ། བོད་མིའི་ཆོས་དད་རང་དབང་དང་རིག་གཞུང་གོམས་གཤིས་སོགས་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པར་ཐུགས་འཚབ་ཡོད་པ་གསུངས་ཡོད།

དེའི་ཐད་འདི་ཚེས་༢༠གཟའ་མིག་དམར་ཉིན། རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ཀྲའོ་ལི་ཇོན་གྱིས་འཆར་ཅན་གསར་འགོད་འདུ་འཛོམས་སར། ད་ཕན་ལོ་ངོ་བཅུ་ཕྲག་གཅིག་ཙམ་རིང་་རྒྱ་ནག་དང་ཨ་མི་རི་ཁའི་བར་ཚོང་དོན་འབྲེལ་བ་དང་། ཐེ་ཝན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན། ཏོག་དབྱིབས་ནད་ཡམས་སོགས་ཀྱི་གནད་དོན་མང་པོའི་ཐད་འབྲེལ་བ་ཡག་པོ་མེད་པའི་ཁར། ད་དུང་ཨ་མི་རི་ཀ་གཞུང་གིས་བོད་ཀྱི་གནད་དོན་ཐད་གཞུང་འབྲེལ་གྱི་ཐུག་འཕྲད་བྱས་པ་དེ་ནི། རྒྱ་ནག་གི་ནང་སྲིད་གྱི་གནད་དོན་ལ་ཐེ་ཇུས་བྱས་བ་ཡིན་པའི་སྐྱོན་བརྗོད་དང་བྱ་སྤྱོད་དེ་ཚོ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། བློ་བཟང་སེང་གེར་ཨ་རིའི་གཞུང་གིས་ཐུག་འཕྲད་བྱས་པ་བརྒྱུད་བོད་རང་བཙན་གྱི་ལྟ་སྤྱོད་འཛིན་མཁན་དེ་ཚོར་ནོར་འཁྲུལ་གྱི་བརྡ་སྟོན་བྱས་ཡོད་ལུགས་བརྗོད་འདུག


མཆན། (0)
Share
དྲ་གནས་ཆ་ཚང༌།