སི་པེན་ཁྲིམས་ཁང་ལ་བསྐྱར་དུ་ཞུ་གཏུགས་བྱ་རྒྱུ་ཡིན་ཟེར།


2014-07-18
Share
སི་པེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Alan Cantos སི་པེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Alan Cantos
RFA

ཕྱིའི་གནོན་ཤུགས་ལ་གདོང་ལེན་མ་བྱས་ན་ང་ཚོའི་དམངས་གཙོའི་འགྲོ་སྟངས་ལ་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་གསུང་འདུག
དེ་ཡང་དེ་སྔ་སི་པེན་བོད་དོན་རྒྱབ་སྐྱོར་ཚོགས་པས། ཡུལ་དེའི་ཁྲིམས་ཁང་ཞིག་གི་ནང༌། རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་གིས་བོད་ནང་མི་རིགས་རྩ་མེད་དང༌། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བའི་སྲིད་བྱུས་ལག་བསྟར་བྱས་ཡོད་པའི་གྱོད་འཛུགས་བྱས་པ་དེར་འདི་ལོའི་ཕྱི་ཟླ་༦པའི་ཚེས་༢༣ཉིན་སི་པེན་ཁྲིམས་ཁང་གིས་ཞིབ་རྩད་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་གནང་ཡོད་ཀྱང༌། སི་པེན་བོད་དོན་རྒྱབ་སྐྱོར་ཚོགས་པས་བསྐྱར་དུ་ཞུ་གཏུགས་བྱ་རྒྱུ་ཡིན་སྐོར། ཚོགས་པ་དེའི་ཚོགས་གཙོ་ Alan Cantos ཡིས་ཉེ་ལམ་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་གསུངས་ཡོད། ཁོང་གིས་གནད་དོན་འདིའི་ཐད་ཞུ་གཏུགས་བསྐྱར་མ་བྱེད་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་གནང་སྐབས། སི་པེན་ནང་དེ་སྔ་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་ཚོས་བྱས་པའི་ནག་ཉེས་ཞིབ་རྩད་བྱ་ཆོག་པའི་ཁྲིམས་ཤིག་ཡོད་ཀྱང༌། རྒྱ་ནག་གི་གནོན་ཤུགས་འོག་འདི་ལོའི་ཕྱི་ཟླ་༣པའི་ནང་སི་པེན་གྲོས་ཚོགས་ཀྱིས་ཁྲིམས་ཡིག་དེའི་ནུས་པ་ཆུང་དུ་བཏང་བའི་རྗེས། ཡུལ་དེའི་ཁྲིམས་ཁང་གིས་ཀྱང་འདི་ལོའི་ཕྱི་ཟླ་༦ པའི་ཚེས་༢༣ཉིན་གྱོད་འཛུགས་དེར་རྩད་ཞིབ་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་གནང་ཡོད་ཀྱང༌། ཁྲིམས་ཁང་གི་ཐག་གཅོད་དེར་ཁྲིམས་དཔོན་དགུ་ཡིས་རྒྱབ་སྐྱོར་དང༌། ཁྲིམས་དཔོན་བདུན་གྱིས་ངོ་རྒོལ་བྱས་ཏེ། རྒྱབ་སྐྱོར་བ་དང་ངོ་རྒོལ་བྱེད་མཁན་དབར་གྱི་གྲངས་འབོར་ལ་ཁྱད་པར་དེ་ཙམ་བྱུང་མེད་པ་མ་ཟད། སི་པེན་ཕྱོགས་འགལ་སྤྱི་ཚོགས་རིང་ལུགས་ཚོགས་པས་ཀྱང་གྲོས་ཚོགས་ཀྱི་ཐག་གཅོད་དེ་རྒྱ་ནག་གི་གནོན་ཤུགས་འོག་བྱས་པ་ཞིག་ཡིན་པར་སྐྱོན་བརྗོད་ཀྱིས་ཁ་གཏད་གཅོག་བཞིན་ཡོད་སྟབས། སི་པེན་བོད་དོན་རྒྱབ་སྐྱོར་ཚོགས་པས་ཀྱང༌། གྱོད་གཞི་འདིའི་ཐད་ཁྲིམས་གཏུགས་བསྐྱར་དུ་བྱེད་འཆར་ཡོད་པ་དང༌། ཡུལ་གྲུ་གང་ཞིག་ནང་དམངས་གཙོ་ཚད་ལྡན་ཞིག་ཡོང་བ་ལ། འཛིན་སྐྱོང་དང་ཁྲིམས་བཟོ་ལྷན་ཁང་། ཁྲིམས་ཁང་བཅས་ཀྱི་དབང་ཆ་ཐ་དད་དགོས་ཀྱི་ཡོད་ཀྱང༌། ཕྱིའི་རྒྱལ་ཁབ་ཅིག་གི་གནོན་ཤུགས་འོག་གལ་སྲིད་འཛིན་སྐྱོང་དང་ཁྲིམས་བཟོ་ལྷན་ཁང་གིས་ཁྲིམས་ཁང་གི་དབང་ཆ་མེད་པ་བཟོས་པ་ཡིན་ན། ང་ཚོའི་དམངས་གཙོའི་འགྲོ་སྟངས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་པ་རེད་ཅེས་གསུང་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎