སློབ་མ་ཚོས་སྲིད་གཞུང་མདུན་ངོ་རྒོལ།


2013-10-02
Share
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་ཚོས་སྲིད་གཞུང་མདུན་ངོ་རྒོལ་བྱེད་བཞིན་པ། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་ཚོ་ཕྱི་རྒྱལ་དུ་སློབ་སྦྱོང་ལ་བསྐྱོད་རྒྱུ་བཀག་འགོག་བྱས་པར་སློབ་མ་ཚོས་སྲིད་གཞུང་མདུན་ངོ་རྒོལ་བྱས་འདུག
པར། བོད་ནས་འབྱོར།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་ཚོ་ཕྱི་རྒྱལ་དུ་སློབ་སྦྱོང་ལ་བསྐྱོད་རྒྱུ་བཀག་འགོག་བྱས་པར་སློབ་མ་ཚོས་སྲིད་གཞུང་མདུན་ངོ་རྒོལ་བྱས་འདུག

དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན་ལྟར་ན། ༢༠༡༣ལོའི་ཟླ་༧པའི་ཚེས་༨ ཉིན་ཨ་རིའི་སི་ཁ་ཇུས་ཐི་སློབ་གླིང་གི་སློབ་མ་བསྡུ་མཁན་ཚོ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་ཕེབས་ནས་ད་ལོ་མཐར་ཕྱིན་སློབ་མར་དབྱིན་སྐད་ཀྱི་ངག་རྒྱུགས་དང་། དབྱིན་ཡིག་འབྲི་རྒྱུགས་བླངས་མཐར་སློབ་མ་༤༢ ཀྱིས་རྒྱུགས་འཕྲོད་ནས་ཨ་རིའི་སློབ་གྲྭ་དེ་ནས་བསྡུ་ལེན་བྱེད་པར་ཐག་བཅད་པ་དང། ༢༠༡༣ལོའི་ཟླ་༧པའི་ཚེས་༩ ཉིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཕྱིའི་སྐད་ཡིག་སློབ་གླིང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་བཅུ་གསུམ་དང་། རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་༢༡ཉེར་གཅིག་བཅས་སློབ་མ་༣༤ཉི་ཧོང་ལ་སློབ་གྲྭར་འགྲོ་རྒྱུ་ཐག་གཅོད་བྱུང༌ནས་ཁག་གཅིག་ཐོན་ཟིན་ཡོད་འདུག

འོན་ཀྱང་ད་ཆ་སློབ་མ་ཁག་ཅིག་ལ་རྒྱ་ནག་སྲིད་གཞུང་གིས་ཕྱི་བསྐྱོད་ལག་ཁྱེར་མ་སྤྲད་པར་སློབ་སྦྱོང་གི་མདུན་ལམ་ལ་བཀག་འགོག་བྱས་རྐྱེན། ཚེས༢ཉིན་སློབ་མ་ཁག་གཅིག་ཟི་ལིང་གི་སྲིད་གཞུང་མདུན་འཛོམས་ནས། སྲིད་གཞུང་གི་དཔོན་པོ་མཐོན་པོ་དག་གི་བུ་དང་བུ་མོ་དག་ཕྱི་རྒྱལ་གྱི་སློབ་གྲྭར་འགྲིམས་ཆོག་ན། བོད་ཀྱི་མི་སེར་ཕལ་བའི་བུ་ཕྲུག་དག་ཅིའི་ཕྱིར་ཕྱི་རྒྱལ་གྱི་སློབ་གྲྭར་འགྲིམས་མི་ཆོག་པ་རེད། ངས་རང་གི་སྤྱི་དམངས་ཀྱི་ཐོབ་ཐང་བེད་སྤྱད་ནས་སྲིད་གཞུང་གི་འདྲ་མཉམ་མ་ཡིན་པའི་སྦྱོར་བ་འདི་ལ་ངོ་རྒོལ་བྱེད་གི་ཡིན་ཞེས་བའི་འཕྲེད་དར་བཟུང་ནས་ངོ་རྒོལ་བྱས་འདུག

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནི་རྒན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་། ས་གནས་འབྲོག་པ་མང་ཚོགས་ཀྱི་ད་ལྟའི་གནས་ཚུལ་ལ་གཞིགས་ནས་སློབ་ལོ་རན་པའི་འབྲོག་ཁུལ་གྱི་བུ་མོ་ཚོར་སློབ་གྲྭར་འགྲོ་ཐུབ་ཆེད་དཀའ་སྤྱད་འབད་བརྩོན་བརྒྱུད། མ་དངུལ་རྒྱ་སྒོར་ཁྲི་༢༦༠ ལྷག་བཙལ་ཏེ། སྤྱི་ལོ་ ༢༠༠༥ ལོའི་ཟླ་༩ བར་མགོ་ལོག་རྨ་ཆེན་རྫོང་རྭ་རྒྱ་གྲོང་བརྡལ་ཨ་མྱེས་གེ་ཐོའི་འདབས་རོལ་དུ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས་པ་དང༌། ད་དུང་ཁོང་གིས་དེ་མིན་སློབ་གྲ་དང་ཕན་བདེ་ཁང་འགའ་ཞིག་བརྒྱབ་ཡོད། ༢༠༠༠ལོའི་ཟླ༡༠ པར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གངས་ལྗོངས་གཅེས་ནོར་ཚད་ཡོད་འགན་འཁྲི་ཀུང་ཟི་བཙུགས་ནས། ཨ་རི་དང་། བལ་བོ། དབྱི་ཐ་ལི། སུའེ་ཙེར་སོགས་རྒྱལ་ཁབ་ན་ཕྱུར་བ་ཕྱིར་ཚོང་བྱེད་ཀྱི་ཡོད།

དགེ་བཤེས་འཇིགས་མེད་རྒྱལ་མཚན་ལགས་ནི། ཀྲུང་གོ་མ་འོངས་ཞིབ་འཇུགས་ཚོགས་པའི་ཚོགས་མི་དང་། ཀྲུང་གོ་ཚན་རིག་དོ་དམ་ཞིབ་འཇུག་ཁང་རིག་གཞུང་ཆེད་འདེམ་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ཚོགས་ཆེན་སྐབས་བདུན་པ་དང་བརྒྱད་པའི་འཐུས་མི་། མཚོ་སྔོན་ཞིང་ཆེན་ཚོང་འབྲེལ་གྱི་འཐུས་མི། མགོ་ལོག་ཁུལ་གྱི་སྐབས་དགུ་བ་དང་བཅུ་གཅིག་པའི་དམངས་ཆེན་འཐུས་མི། རྨ་ཆེན་རྫོང་གི་སྐབས་བཅུ་བ་དང་། བཅུ་གཅིག་པའི་དམངས་ཆེན་འཐུས་མི་བཅས་ཡིན། ཐེངས་མང་བོར་རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་རིམ་པ་བཅས་ནས། སྔོན་ཐོན་མི་སྣ་དང་ཕུལ་བྱུང་བ་ན་གཞོན་གྱི་གཟིངས་རྟགས་མང་པོ་ཐོབ་མྱོང་།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།