ཐའེ་ལྦན་དང་རྒྱ་ནག་གི་འབྲེལ་བར་འགྱུར་བ་ཡོང་རྒྱུ་མིན་སྐོར།

ཐའེ་ལྦན་དང་རྒྱ་ནག་དབར་དཔལ་འབྱོར་དང་ཚོང་འབྲེལ་འབྲེལ་ལམ་རྒྱ་བསྐྱེད་བརྒྱུད་ཕྱོགས་གཉིས་དབར་འབྲེལ་ཐག་ཉེ་པོ་ཡོང་ཐབས།

2012.02.03

༄༅༎ཐའེ་ལྦན་གྱི་གཞུང་འཛིན་གོ་མིང་ཏང་ཚོགས་པའི་ཚོགས་གཙོ་གཞོན་པ་ཇོན་ནི་ཆང་གིས་ཐའེ་ལྦན་དང་རྒྱ་ནག་དབར་དཔལ་འབྱོར་དང་ཚོང་འབྲེལ་འབྲེལ་ལམ་རྒྱ་བསྐྱེད་བརྒྱུད་ཕྱོགས་གཉིས་དབར་འབྲེལ་ཐག་ཉེ་པོ་ཡོང་ཐབས་བྱེད་པའི་སྲིད་བྱུས་ལ་འགྱུར་བ་ཡོང་གི་མ་རེད་ཅེས་བརྗོད་ཡོད་པ་རེད་
གོ་མི་ཏང་ཚོགས་པའི་ཚོགས་གཙོ་གཞོན་པ་ཇོན་ནི་ཆང་གིས་ཁ་ས་དེ་ག་ཨ་རིའི་རྒྱལ་ས་ལྦ་ཤེང་ཀྲོན་གྱི་ཧེ་རི་ཀྲེཇ་ཆབ་སྲིད་ཞིབ་འཇུག་ལྟེ་གནས་ཁང་ལ་རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་བའི་སྐོར་གསུང་བཤད་ཅིག་གནང་ཡོད་ཅིང་དེའི་ནང་ཁོང་གིས་རྒྱ་ནག་གི་སྲིད་འཛིན་གསར་པར་ངེས་པ་ཞི་ཅིང་པིང་གི་སྲིད་དབང་བཟུང་སྐབས་རྒྱ་ནག་གཞུང་གིས་ད་ལྟ་ཐའེ་ལྦན་ལྷན་ཚོང་དང་དཔལ་འབྱོར་གྱི་འབྲེལ་ལམ་རྒྱ་བསྐྱེད་ལ་ཤུགས་སྣོན་རྒྱབ་རྒྱུའི་སྲིད་བྱུས་དེར་འགྱུར་བ་འགྲོ་མ་རེད་ཅེས་དང་ ཞི་ཅིང་པིང་ནི་དེ་སྔ་ཕུ་ཇིན་ཞིང་ཆེན་གྱི་འགོ་ཁྲིད་ཡིན་པའི་སྐབས་ཐའེ་ལྦན་ལྷན་ཚོང་འབྲེལ་རྒྱ་བསྐྱེད་ཀྱི་འབྲེལ་བར་གནད་འགག་ཆེན་པོ་འཛིན་མཁན་ཞིག་ཡིན་སྐོར་ངོ་སྤྲོད་བྱས་ཡོད་པ་རེད་
ཟླ་བ་སྡོན་མ་ཐའེ་ལྦན་གྱི་སྲིད་འཛིན་འོས་བསྡུ་ནང་མང་ཚོགས་ཀྱིས་གོ་མིང་ཏང་ཚོགས་པའི་མ་ཡན་ཇུ་ལ་བསྐྱར་དུ་སྲིད་འཛིན་གྱི་འོས་འདེམས་གནང་ཡོད་པ་དང་སྲིད་འཛིན་མ་ཡན་ཇུའི་གཞུང་འཛིན་སྐབས་ཁོང་གིས་རྒྱ་ནག་གཞུང་གི་ལྷན་ཚོང་འབྲེལ་རྒྱ་བསྐྱེད་ཀྱིས་འབྲེལ་ཐག་ཉེ་པོ་ཞིག་བཟུང་པ་དང་ ཁོང་ནས་སྲིད་བྱུས་འདི་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་ཡིན་པ་གསུངས་ཀྱི་ཡོད་པ་རེད་
དེ་ལྟར་ཡང་ད་ལྟ་ཐའེ་ལྦན་ནང་མང་ཚོགས་གཞི་རྒྱ་མི་ཆུང་བ་ཞིག་གིས་ཐའེ་ལྦན་གཞུང་གིས་རྒྱ་ནག་ལྷན་འབྲེལ་ཐག་ཉེ་དྲགས་པ་དེས་ མཐའ་མ་ཐའེ་ལྦན་རང་ཉིད་ཀྱི་རང་དབང་ལའང་ཉེན་ཚབས་ཡོང་རྒྱུའི་འཇིགས་པ་ཡོད་པའི་ཉེན་བརྡ་ཤུགས་ཆེ་བཏང་གི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་མཛད་རིམ་ཐོག་མ་རྒྱ་གར་སོགས་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎