ཐེ་ཝན་གྱིས་རྒྱ་ནག་གཞུང་གི་གནོན་ཤུགས་དང་སོ་ལྟའི་བྱ་སྤྱོད་ལ་ཁ་གཏད་གཅོག་པའི་བྱ་ཐབས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་གསུངས་འདུག

2025.03.13
ཐེ་ཝན་གྱིས་རྒྱ་ནག་གཞུང་གི་གནོན་ཤུགས་དང་སོ་ལྟའི་བྱ་སྤྱོད་ལ་ཁ་གཏད་གཅོག་པའི་བྱ་ཐབས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་གསུངས་འདུག ཐེ་ཝན་གྱི་སྲིད་འཛིན་ཝི་ལི་ཡམ་ལའེ་ (William Lai Ching-te) ༢༠༢༥།༢།༡༤
Taiwan Presidential Office via AP

དེ་ཡང་ཐེ་ཝན་གྱི་སྲིད་འཛིན་ཝི་ལི་ཡམ་ལའེ་ (William Lai Ching-te) ཡིས་འདི་ཚེས་ ༡༣ གཟའ་ཕུར་བུའི་ཉིན་གསར་འགོད་ལྷན་ཚོགས་ཐོག་ལ། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་བདེ་འཇགས་ཉམས་རྒུད་དུ་གཏོང་ཐབས་སུ་གསང་འཛུལ་དང་། གསང་མྱུལ་སོགས་ཀྱི་བྱ་སྤྱོད་ཤུགས་ཆེ་རུ་གཏོང་བཞིན་པའི་ཐད་ཁ་གཏད་གདོང་ལེན་བྱེད་པའི་བྱ་ཐབས་ཤུགས་ཆེ་རུ་ལག་བསྟར་བྱེད་གཏོང་རྒྱུ་ཡིན་པ་པ་གསུངས་པ་དང་ཆབས་ཅིག ཉེ་ཆར་རྒྱ་ནག་དང་ཕན་ཚུན་དོན་རྐྱེན་རིམ་པ་ཞིག་འཕྲད་པའི་གནས་སྟངས་ལུངས་འདྲེན་གནང་སྟེ་དེ་དག་ནི་དྲག་པོའི་དམག་འཐབ་མ་ཡིན་པའི་ཐེ་ཝན་མི་དམངས་ཀྱི་སེམས་ཁམས་ལ་ཤུགས་རྐྱེན་སྤྲད་ཐབས་ཀྱི་བྱ་སྤྱོད་ཞིག་དང་། མི་དམངས་ཀྱི་བློ་སེམས་འགུག་ཐབས་ཀྱི་བྱ་སྤྱོད་ཞིག་ཡིན་པས་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་རྒྱལ་སྲུང་ལ་ཡིད་ཆེས་མེད་པ་བཟོ་ཐབས་དང་གསང་བ་མཁོ་སྒྲུབ་བྱེད་པ། དྲག་ཆས་དམག་མིའི་ནང་བསླུ་བྲིད་བྱེད་པ། དམངས་ཀྱི་བསམ་བློར་ཤུགས་རྐྱེན་སྤྲོད་པའི་བྱ་སྤྱོད་སྤེལ་བཞིན་པ་དེ་དག་སྔོན་འགོག་བྱ་རྒྱུ་དང་། སྔོན་ཚུད་ནས་དོན་རྐྱེན་དེ་རིགས་ཤེས་རྟོགས་ཐུབ་ཐབས་སུ་ཁྲིམས་མཐུན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་དགོས་པ་གསུངས་འདུག
ཐེ་ཝན་གྱི་མི་སེར་ཞིག་གི་བཟའ་ཟླ་རྒྱ་ནག་གི་བུད་མེད་ཞིག་གིས་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་ཐོག་བརྙན་ཐུང་ཡང་སེ་སྤེལ་ཏེ། རྒྱ་ནག་གི་འགོ་ཁྲིད་ལ་བསྟོད་བསྔགས་བཏང་བ་དང་རྒྱ་ནག་གཞུང་གིས་ཆུ་ཚོད་ཕྱེད་ཀའི་ནང་ཐེ་ཝན་ལ་དབང་བསྒྱུར་བྱེད་ཐུབ་ཟེར་བ་སོགས་ཀྱི་གནས་ཚུལ་སྤེལ་བའི་རྐྱེན་གྱིས་ཉེ་ཆར་ཐེ་ཝན་གཞུང་གིས་བུད་མེད་དེ་རྒྱ་ནག་ལ་ཕྱིར་འབུད་བཏང་ཡོད་པ་རེད།
བྱ་སྤྱོད་དེ་རིགས་ནི་ཐེ་ཝན་གྱི་དགྲ་ལ་རོགས་རམ་དང་སྐུལ་སློང་བྱེད་པའི་ཁྲིམས་ལུགས་ལས་འགལ་འཛོལ་བྱས་པ་ཞིག་ཡིན་པ་དང་། བུད་མེད་དེ་ནི་རྒྱ་ནག་གི་དཔོན་རིགས་ཀྱི་མིང་ཐོག་ནས་ལས་ཀ་བྱེད་མཁན་ཞིག་ཡིན་པ་དང་། ལོ་ལྔའི་ནང་སླར་ཡང་གནས་སྡོད་ཆོག་མཆན་སྙན་ཞུ་རྒྱབ་ཆོག་གི་ཡོད་པ་རེད་།
ད་དུང་ཉེ་དུས་ཀྱི་དོན་རྐྱེན་གཞན་ནི་ཐེ་ཝན་གྱི་སྒྱུ་རྩལ་པ་དང་ཤུགས་རྐྱེན་ཅན་རྒྱ་ནག་ནང་སྡོད་མཁན་ནང་ནས་ཐེ་ཝན་བདག་དབང་རྒྱ་ནག་ཡོད་པའི་སྐོར་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་དྲིལ་བསྒྲགས་བསྐྱར་དུ་དྲིལ་བསྒྲགས་བྱས་པའི་གནས་ཚུལ་བྱུང་བ་དེ་དག་ཀྱང་ཐེ་ཝན་གྱི་ཁྲིམས་ལུགས་འགལ་འཛོལ་ཁོངས་སུ་ཚུད་ཀྱི་ཡོད་པ་རེད།།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དང་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་འབྲུག་ཡུལ་གྱིས་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་པ་ནི་བློ་ཕམ་གྱི་གནས་རེད་ཅེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎