རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་དང་མཇལ་འཕྲད་ཀྱི་ཐུགས་རེ།

ཐེ་ཝན་གྱི་སྲིད་འཛིན་མ་དབྱིན་ཇུའུ་ཡིས་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་དང་མཇལ་འཕྲད་ཀྱི་ཐུགས་རེ་གནང་གི་ཡོད་འདུག
དེ་ཡང་ཐེ་ཝན་གྱི་སྲིད་འཛིན་མ་དབྱིན་ཇུའུ་ཡིས་རྒྱ་ནག་གི་དབུ་ཁྲིད་དང་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཕྲད་གནང་རྒྱུའི་ཐུགས་རེ་བཅངས་བཞིན་ཡོད་ཀྱང་། ད་ལྟ་ཕྱོགས་འགལ་ཚོགས་པས་རྒྱ་ནག་དང་བསྟུན་མཁས་ཀྱི་སྲིད་བྱུས་ལ་རྒྱབ་སྐྱོར་མེད་སྟབས་གནས་སྐབས་རིང་དེ་ལྟར་ལག་ལེན་འཁེལ་ཐབས་མེད་པ་ངོས་ལེན་གནང་ཡོད་འདུག འདི་ལོ་ཕྱི་ཟླ་༡༡པའི་ནང་པེ་ཅིང་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་སྦྲེལ་ཚོགས་ཆེན་སྐབས་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་ཀྱིས་བཟང་ཕྱོགས་ཀྱི་ཁོར་ཡུག་སྐྲུན་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་ལུགས་མ་དབྱིན་ཇུ་ཡིས་གསུངས་གནང་འདུག འོན་ཀྱང་ཐའེ་ཝན་གཞུང་དམངས་གཉིས་ཀས་མོས་མཐུན་མེད་པར་རྒྱ་ནག་གིས་མཇལ་འཕྲད་དེ་རིགས་གནང་འདོད་མེད་པ་ངོས་ལེན་གནང་ཡོད་འདུག ཉེ་དུས་སློབ་ཕྲུག་ཚོས་ཐའེ་ཝན་གྱི་གྲོས་ཚོགས་ནང་འཛུལ་ཞུགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་མཐར་གཞུང་གིས་རྒྱ་ནག་དང་ཚོང་འབྲེལ་གྱི་ཆིངས་དོན་ཁག་ཅིག་ཕྱིར་བསྡུ་བྱ་རྒྱུའི་ཁས་ལེན་གནང་རྗེས་མཚམས་འཇོག་བྱས་ཡོད་འདུག སྲིད་འཛིན་མ་དབྱིན་ཇུའུ་ཡིས་མང་ཚོགས་ཀྱི་བསལ་ཚུལ་ལ་སྣང་མེད་ཀྱིས་གསང་བའི་ཐོག་རྒྱ་ནག་དང་ཚོང་འབྲེལ་གྱི་ཆིངས་དོན་བཞག་ཡོད་སྐོར་སློབ་ཁྲུག་གི་འགོ་ཁྲིད་ཁྲེན་ཝའེ་ཏིང་གིས་སྐྱོན་བརྗོད་བྱས་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།