དགེ་འདུན་པ་ཚོགས་གྲལ་ལ་མ་ཚུད་པར་རང་ཤི་རྒྱབ་འདུག

2014-07-17
གློག་འཕྲིན།
མཆན།
Share
པར་བཀོད།
བླ་བྲང་དགོན་པའི་དགེ་འདུན་པ་ཐབས་མཁས་ཀྱི་ཉེ་པར་ཞིག
བླ་བྲང་དགོན་པའི་དགེ་འདུན་པ་ཐབས་མཁས་ཀྱི་ཉེ་པར་ཞིག
བོད་འབྱོར་།

རྒྱ་ནག་གིས་བླ་བྲང་དགོན་པའི་གྲྭ་བཙུན་གྱི་གྲངས་ཚད་ལ་ཚད་བཀག་བཟོས་ནས་ཚོད་འཛིན་བྱེད་པའི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་བོད་མི་ཞིག་གིས་རང་རང་སྲོག་རང་ལྕེབས་བྱས་འདུག   
དེ་ཡང་འབྲེལ་ཡོད་བརྒྱུད་བོད་ནས་འདི་གར་གནས་ཚུལ་འབྱོར་དོན། ཉེ་བའི་སྤྱི་ཟླ་༧པའི་ཚེས་༩ཉིན་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པའི་དགེ་འདུན་པ་ཐབས་མཁས་ཀྱིས་དགོན་པའི་མདུན་རིའི་ནགས་གསེང་ནས་རང་སྲོག་རང་ལྕེབས་བྱས་ཡོད་པ་དང་། དེའི་ཐད་ས་གནས་བོད་མི་ཞིག་གིས་གསུངས་པར་གཞིགས་ན། དགེ་འདུན་པ་ཐབས་མཁས་ལགས་དགུང་ལོ་༥ནས་རབ་ཏུ་བྱུང་བ་དང་དགུང་ལོ་༢༤བར་བླ་བྲང་དགོན་པར་ཞུགས་ཀྱང་རྒྱ་ནག་གཞུང་གིས་བླ་བྲང་དགོན་པར་གྲྭ་བཙུན་གྱི་གྲངས་ཚད་ལ་ཚོད་འཛིན་བྱས་པའི་སྲིད་ཇུས་འོག་ད་བར་ཚོགས་གྲལ་ལ་མ་ཚུད་པ་དང་། དགོན་པར་སྟངས་འཛིན་བྱས་བ་སོགས་ཀྱི་དཀའ་ངལ་གནས་སྟངས་འོག་རང་སྲོག་རང་ལྕེབས་བྱས་ཡོད་པ་དང་།  རང་ལྕེབས་མ་བྱས་སྔོན་ཁོང་གིས་སེམས་ཐག་ཉེ་བའི་གྲོགས་པོ་ཁག་ཅིག་ལ་ཁོ་རང་ཆུང་དུས་ནས་ད་བར་མི་ལོ་༡༩ཙམ་གྱི་རིང་བླ་བྲང་དགོན་པར་ཆོས་ཞུགས་བྱས་ནས་རང་ནུས་གང་གཅོག་ཀྱིས་ཞབས་འདེགས་དང་། ཉམ་ཆུང་ཚུལ་མཐུན་བྱས་ཡོད་ཀྱང་། རྒྱ་ནག་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་གྲྭ་བཙུན་ཚོད་འཛིན་བྱས་ནས་ད་བར་ཚོགས་གྲལ་ལ་མི་ཚུད་པ་དང་། བོད་ཀྱི་དགོན་སྡེ་ཁག་གི་སློབ་གཉེར་ལ་རང་དབང་མ་སྤྲད་པར་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་བའི་དཀའ་ངལ་ཁྲོད་བོད་ཀྱི་དགོན་སྡེ་ཁག་སྤྱི་ཡོངས་ལ་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པས་རྒྱ་ནག་གཞུང་གིས་གྲྭ་བཙུན་ཚོད་འཛིན་དང་། ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པའི་སྲིད་ཇུས་ལ་ངས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདོད་འདུག་ཅེས་ངོ་སྤྲོད་གནང་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ། ས་གནས་རྒྱ་ནག་གཞུང་གིས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་དགེ་འདུན་པའི་ཞལ་གྲངས་༩༩༩ལྷག་ཚོགས་ཞུགས་མི་ཆོག་པའི་ཆོས་དད་བཀག་འགོག་བྱེད་བཞིན་པ་དང་། གྲྭ་བཙུན་ཚོད་འཛིན་དང་ཆོས་དད་བཀག་འགོག་གི་སྲིད་ཇུས་འོག་ནས་ཐ་ན་སོ་སོའི་རྩ་བའི་བླ་མའི་སྐུ་པར་ཙམ་པར་བཤམ་མི་ཆོག་པའི་གནས་སྟངས་འོག་བསླབ་པ་སློབ་གཉེར་བྱེད་འདོད་ཡོད་པའི་གྲྭ་བཙུན་མི་ཉུང་བ་བློ་ཕམ་བྱུང་ནས་གྲྭ་བ་ལས་ལོག་པ་དང་། དོན་རྐྱེན་འདྲ་མིན་འབྱུང་དང་འབྱུང་བཞིན་པ་རེད། ད་ཐེངས་གྲྭ་ཐབས་མཁས་རང་ཤི་རྒྱབ་པ་ནི་རྒྱ་ནག་གིས་བོད་ནང་དང་ལྷག་པར་དགོན་སྡེ་ཁག་ལ་སྤྲོད་བཞིན་པའི་གནོན་ཤུགས་ངོ་མ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
གོང་གི་རང་ཤི་རྒྱབ་ནས་རྐྱེན་འདས་སུ་སོང་བའི་དགེ་འདུན་པ་ཐབས་མཁས་ནི་མདོ་སྨད་བླ་བྲང་བསང་ཆུ་རྫོང་སྔགས་པ་སྡེ་པའི་ཕ་འཇིགས་བྱེད་སྐྱབས་དང་། མ་བདེ་སྐྱིད་སྒྲོལ་མ་གཉིས་ཀྱི་བུ་ཡིན་པ་རེད།
རང་ལྕེབས་བྱས་ཟིན་པའི་དགེ་འདུན་པ་ཐབས་མཁས་ལགས་ནི་མདོ་སྨད་བླ་བྲང་བསང་ཆུ་རྫོང་སྔགས་པ་སྡེ་པའི་ཕ་འཇིགས་བྱེད་སྐྱབས་དང་། མ་བདེ་སྐྱིད་སྒྲོལ་མ་གཉིས་ཀྱི་བུ་ཡིན་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།