གཞོན་སྐྱེས་དང་བླངས་བོད་དོན་ཞུ་གཏུག་གི་ལས་གཞིའི་སྐོར་ཡོ་རོབ་ནང་སྐོར་བསྐྱོད་དྲིལ་བསྒྲགས་བྱེད་བཞིན་འདུག

2021.11.10
གཞོན་སྐྱེས་དང་བླངས་བོད་དོན་ཞུ་གཏུག་གི་ལས་གཞིའི་སྐོར་ཡོ་རོབ་ནང་སྐོར་བསྐྱོད་དྲིལ་བསྒྲགས་བྱེད་བཞིན་འདུག གཞོན་སྐྱེས་དང་བླངས་བོད་དོན་ཞུ་གཏུག་གི་ལས་གཞིའི་སྐོར་ཡོ་རོབ་ནང་སྐོར་བསྐྱོད་དྲིལ་བསྒྲགས་བྱེད་བཞིན་པ། ༡༡།༢༡
tibet.net

ཟླ་བ་འདིའི་ཚེས་དྲུག་ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུད་སིར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པའི་སྐབས་(Volutary Tibet Advocacy Group Campaign)་འམ་བོད་པའི་གཞོན་སྐྱེས་དྭང་བླངས་བོད་དོན་ཞུ་གཏུགས་ལས་གཞི་ཞེས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གི་བོད་མི་ཚོས་སོ་སོས་དྭང་དུ་བླངས་ཏེ་གནས་ཡུལ་རྒྱལ་ཁབ་སོ་སོའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཐབས་ཀྱི་ལས་གཞི་ཞིག་ཐོག་མར་དབུ་འབྱེད་གནང་ཡོད་པ་ལྟར། ད་ཆ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཞུ་
གཏུག་ལས་འགུལ་གྱི་འགན་འཛིན་འབྲུག་གཏན་སྐྱིད་ལགས་སྦེལ་ཇམ་དུ་ཕེབས་ནས། དེ་ཁུལ་གྱི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་དང་ལྷན་དུ། ཁུལ་དེའི་ནང་གནས་སྡོད་བོད་མི་གཞོན་སྐྱེས་ཁག་ཅིག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་བཞིན་བོད་ཀྱི་གནད་དོན་གོ་རྟོགས་སྤེལ་ཐབས་དང་། ལྷག་པར་དུ་གནས་ཡུལ་གྱི་གྲོས་ཚོགས་འཐུས་མི་སོགས་ལ་ཞུ་སྐུལ་ཞུ་གཏུག་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ངོ་སྤྲོད་དང་། ཞུ་གཏུག་ལས་གཞི་དེའི་ནང་མཉམ་ཞུགས་བྱེད་མཁན་ཚོ་དེབ་སྐྱེལ་བྱེད་དགོས་པ་སོགས་གོ་རྟོགས་སྤེལ་བཞིན་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
ཡང་གོང་ཞུས་གནས་ཚུལ་ནང་གསལ་ལྟར་ན། འདི་ཚེས་བརྒྱད་ཉིན་ཁོང་རྣམ་གཉིས་ནེ་ཌར་ལན་ཌའི་གྲོང་ཁྱེར་ཨེམསེ་ཀྲེ་དྲམ་ནང་བསྐོར་སྐྱོད་གནང་ནས། གཅིག་མཚུངས་ས་གནས་བོད་མི་ཚོར་ལས་གཞི་དེའི་སྐོར་གཏམ་བཤད་དང་བརྒྱུད་སྐུལ་གནང་བ་སོགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསར་གཏོད་གནང་བའི་ལས་གཞིའི་དེའི་གལ་འགངས་རང་བཞིན་སྐོར་ཕྱི་དྲིལ་ལས་ཁུངས་ནས་མུ་མཐུད་ནས་མང་ཚོགས་ནང་གོ་རྟོགས་སྤེལ་ཆེད་ཁོང་རྣམ་གཉིས་ཧྥ་རན་སིའི་(France)་ནང་ཕེབས་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་ ༢༠༢༥ ལོའི་རྒྱལ་ཡོངས་གཞུང་ཞབས་པའི་ཡིག་རྒྱུགས་སྙན་ཞུ་འབུལ་མཁན་ནང་བོད་རང་སྐྱོང་ལྗོངས་ནང་ལས་གནས་སྙན་ཞུ་འབུལ་མཁན་དང་ལས་གནས་ཀྱི་འགྲན་རྩོད་ཆེ་ཤོས་ཆགས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎