རྒྱ་ནག་གི་མི་རབས་བཞིའི་འགོ་ཁྲིད་ཀྱི་འདྲ་པར་བཀྲམས།

རྒྱ་ནག་གི་ལོ་གསར་དང་སྟབས་བསྟུན་ནས་ལྷ་སའི་ནང་རྒྱ་ནག་གི་མི་རབས་བཞིའི་འགོ་ཁྲིད་ཀྱི་འདྲ་པར་བཀྲམས་པ།

2012.01.22

༄༅༎བོད་རང་ལྗོངས་ཟེར་བས་དེ་རིང་རེས་གཟའ་ཉི་མའི་ཉིན་ལྷ་ས་གྲོང་ཁྱེར་ནང་དུ་ཡོད་པའི་ས་གནས་གཞུང་གི་ཐོག་རྒྱ་ནག་གི་མི་རབས་བཞི་ཡི་འགོ་ཁྲིད་ཀྱི་འདྲ་པར་ཆེན་པོ་ཞིག་བསྐལ་ཏེ་རྒྱ་མིའི་དཔྱིད་ཟླའི་ལོ་གསར་གྱི་མཛད་སྒོ་ཚོགས་ཡོད་པ་མ་ཟད། ས་གནས་བོད་མི་ཚོར་ཡང་འདྲ་པར་བསྐྱལ་དུ་བཅུག་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་མི་རབས་བཞི་ཡི་འགོ་ཁྲིད་མའོ་རྩེ་ཏུང་དང༌། ཏིང་ཤའུ་ཕིང༌། ཅང་ཛ་མིན། ཧུའུ་ཅིང་ཐའུ་བཅས་ཀྱི་འདྲ་པར་རིང་ཚད་ལ་མི་ཊར་༡༣ དང་གྲངས་ཆུང་༦ ནས་༨ དང་གྲངས་ཆུང་དགུ་བྱས་པ་བསྐལ་ཏེ། དེ་རིང་རྒྱ་མིའི་དཔྱིད་ཟླའི་ལོ་གསར་གྱི་མཛད་སྒོ་ཚོགས་པའི་ཐོག་ས་གནས་ཀྱི་དཔོན་རིགས་དང་ས་གནས་མི་དམངས་མཉམ་ཞུགས་བྱེད་མཁན་མི་གྲངས་༦༦༠ བྱུང་ཡོད་པའི་སྐོར་དང༌། སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་པདྨ་འཕྲིན་ལས་ཀྱིས། རྒྱ་ནག་གི་མི་རབས་བཞི་ཡི་འགོ་ཁྲིད་ཀྱི་འདྲ་པར་བསྐྱལ་བ་དེ་ཡི་མཚོན་དོན་ནི། བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་གུང་ཁྲན་ཏང་གི་བཀའ་འདྲིན་ཡིན་པའི་སྐོར་གཏམ་བཤད་བྱས་ཡོད་པ་རེད། ད་རེས་རྒྱ་མིའི་དུས་ཆེན་དེའི་སྐབས། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནས། རྒྱ་མིའི་རྒྱལ་དར་དང༌། གོང་གསལ་རྒྱ་ནག་གི་མི་རབས་བཞི་ཡི་འགོ་ཁྲིད་ཚོའི་འདྲ་པར་གཅིག་མཚུངས་བོད་མིའི་སྡོད་ཁྱིམ་དང༌། དགོན་པ་། སློབ་གྲ། ལས་ཁུངས་སོགས་ཀྱི་ཐོག་བསྐྱལ་དུ་བཅུགས་ཡོད་ཅིང༌། དེ་ནི་ས་གནས་གཞུང་གིས། རྒྱ་མིའི་རྒྱལ་དར་དང༌། རྒྱ་ནག་གི་མི་རབས་བཞི་ཡི་འགོ་ཁྲིད་བཞི་པོའི་འདྲ་པར་ས་ཡ་གཅིག་ལྷག་ལྷ་ས་གྲོང་ཁྱེར་དང༌། དགོན་སྡེ་ཁག  སློབ་གྲ། བོད་ཀྱི་གྲོང་གསེབ་ས་ཁུལ་གྱི་ཁྱིམ་ཚང་སོགས་ལ་འགྲེམས་སྤེལ་བྱས་པ་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎