ཆབ་སྲིད་བཙོན་ཟུར་ཞིག་ལྷ་སར་གནས་མཇལ་སྐབས་རྒྱ་ནག་གིས་འདྲི་རྩད།


2019.07.01
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༦།༩།༢༡ ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༦།༩།༢༡
AFP

ཆབ་སྲིད་བཙོན་ཟུར་ཞིག་ལྷ་སར་མཆོད་མཇལ་དུ་ཕྱིན་བའི་སྐབས་སུ་ཞིབ་གཤེར་འདྲི་རྩད་མང་པོ་བྱས་ཡོད་འདུག
དེ་སྔ་ཆབ་སྲིད་དང་འབྲེལ་བའི་ནག་ཉེས་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་ངོ་ཁ་ཤས་རིང་བཙོན་འོག་དུ། མནར་གཅོད་མྱང་རྗེས་གློད་གྲོལ་གྱིས་ད་ལྟ་རང་ཁྱིམ་དུ་བསྡད་ཡོད་པའི་བཙོན་ཟུར་ཞིག་འདི་ལོའི་ཕྱི་ཟླ་ལྔ་བའི་ནང་། ཁོང་རང་གི་སྐྱེས་ཡུལ་མཚོ་སྔོན་ཞིང་ཆེན་ནས་བོད་ཀྱི་རྒྱལ་ས་ལྷ་སར་མཆོད་མཇལ་དུ་འགྲོ་བའི་སྐབས་སུ་ལམ་བར་རྒྱ་ནག་གཞུང་གིས་ས་ཚིགས་ཁག་དུ་ཞིབ་གཤེར་འདྲི་རྩད་བྱས་ཡོད་པ། ཆབ་སྲིད་བཙོན་ཟུར་དེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་པ་རེད།  ཁོང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་དོན་དུ་ཆབ་སྲིད་བཙོན་ཟུར་དེའི་མིང་འབོད་བྱས་མེད།
ཁོང་གིས་མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནས་ན་གོར་མོར་འབྱོར་རྗེས་ཞིབ་གཤེར་ས་ཚིགས་བཙུགས་པ་ཁག་མཐོང་ཞིང་། ཁོང་གིས་རོབ་རྩིས་བྱས་ན་ན་གོར་མོ་ནས་བོད་ཀྱི་རྒྱལ་ས་ལྷ་བར་དུ་ཁྱོན་དམག་མིའི་ཞིབ་གཤེར་ས་ཚིགས་༡༦་ཡོད་པ་དང་ཞིབ་གཤེར་ས་ཚིགས་རེ་རེར་སླེབས་མ་ཐག་ཐོབ་ཐང་དཔང་ཡིག་ཡོད་མེད་བརྟག་དཔྱད་དང་མཉམ་དུ་ལྷ་སར་འགྲོ་དགོས་བའི་རྒྱུ་རྐྱེན་གང་ཡིན་འདྲི་རྩད་དང་མཉམ་དུ་ཐོ་འགོད་བྱེད་པ་མ་ཟད་སྤྱི་མང་ཐོབ་ཐང་དཔང་ཡིག་སྟེང་བོད་ཡིག་བྲིས་ཡོད་པ་ཡིན་ན་དམིག་བསལ་གྱིས་ཞིབ་གཤེར་དང་འདྲི་རྩད་ཐོ་འགོད་བྱེད་ཀྱིན་ཡོད་པ་བརྗོད་ཡོད་པ་རེད།
ད་དུང་ཆབ་སྲིད་བཙོན་ཟུར་དེས་གསུངས་ན། ཞིབ་གཤེར་བ་ཚོས་ཁོང་གྲྭ་པ་ཡིན་མིན་དང་དེ་སྔོན་གྲྭ་པ་བྱེད་མྱོང་མིན་ཐད་དམིགས་བཀར་འདྲི་བརྩད་བྱས་པ་འགྲེལ་བརྗོད་གནང་ཞིང་། ཁོང་གིས་གྲྭ་པ་ཡིན་པའམ་དེ་སྔོན་གྲྭ་པ་བྱས་མྱོང་མཁན་ཚོ་ལྷ་སར་འགྲོ་རྒྱུར་དམ་དྲག་ཡོད་པའི་ཚོར་བ་བྱུང་བའི་དགོངས་ཚུལ་བརྗོད་ཡོད་པ་རེད།
ཆབ་སྲིད་བཙོན་ཟུར་ཁོང་ཞིབ་གཤེར་ས་ཚིགས་༡༦་བརྒྱུད་ནས་ལྷ་སར་འབྱོར་བ་བསྟུན་དེ་གར་ཉེན་རྟོག་ཁང་ནས་ལག་འཁྱེར་ཞིག་སྤྲད་འདུག་ཀྱང་། ལྷ་སར་ཉིན་གསུམ་ལས་བསྡད་མི་ཆོག་པ་བཀོད་ཡོད་འདུག ཁོང་གིས་འབྲེལ་ཡོད་ལས་བྱེད་པ་ཚོར་མ་མཐར་ཡང་བདུན་ཕྲག་གཅིག་གི་རིང་ལ་སྡོད་ཆོག་པའི་མཆོག་མཆན་གནང་རོགས་ཞེས་རེ་བ་ཡང་ཡང་བྱས་ཀྱང་ཁེས་ལེན་མ་བྱས་བར་བརྟེན་མཐར་ཉིན་གྲངས་གསུམ་གྱི་རིང་ལ་ལྷ་སར་མཆོད་མཇལ་བྱས་རྗེས་ཕྱིར་ལོག་བྱེད་དགོས་བྱུང་འདུག
ཁོང་གདན་ས་སེར་འབྲས་དགའ་གསུམ་ལ་མཆོད་མཇལ་དུ་ཕེབས་པའི་སྐབས་འབྲས་སྤུངས་དགོན་དུ་དགེ་འདུན་པ་ཧ་ཅང་གི་ཉུང་ཉུང་ལས་མཐོང་མེད་པ་དང་། མི་ཚོས་དགེ་འདུན་པ་སུམ་བརྒྱ་ཙམ་ཡོད་ལུགས་ཟེར་ཡང་ཕལ་ཆེར་དེ་ལྟར་ཡོད་ཚོད་མེད་པའི་མཐོང་ཚུལ་བྱུང་འདུག་ཅིང་།  དགའ་ལྡན་དགོན་པ་དང་སེ་ར་དགོན་དུ་དགེ་འདུན་པ་འབྲས་སྤུངས་ལས་ཅུང་མང་བ་མཐོང་རྒྱུ་ཡོད་འདུག་ན་ཡང་། བརྙན་ལེན་འཕྲུལ་ཆས་བཙུགས་མེད་ས་ཞིག་མེད་པའི་སྟེང་ཉིན་མཚན་བསྟུན་མར་རྒྱལ་ཁབ་ཀྱི་ལྟ་སྲུང་འོག་ཡོད་པའི་ཚོར་སྣང་བྱུང་བ་འགྲེལ་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་མི་ ༡༢༦ རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༡༨༨ ནས་ཚེས་ ༡༠ ཉིན་ ༣༣༧ ལ་ཕར་འདུག  འོན་ཀྱང་རྐྱེན་འདས་གྱུར་བའི་གྲངས་འབོར་དེ་བས་མང་བ་ཡོད་ཉེན་ཆེ་སྐོར་བོད་ནང་ནས་བརྗོད་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་ས་ཡོམ་གྱི་གོད་ཆགས་བྱུང་བ་དེ་ལ་བརྟེན་ནས་རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་བརྒྱབ་རྒྱུར་བསམ་བློ་གཉིས་པ་གཏོང་དགོས་ཐུག་ཡོད།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎