རྡོ་རྗེ་ཚེ་རིང་ནིའུ་ཛུ་ལན་ཌི་ནས་ཕྱིར་སློག་བྱེད་ཉེན་གྱི་གནས་སྟངས་སུ་སླེབས་འདུག


2017.11.29
ནིའུ་ཛི་ལན་ཌིའི་བེུད་(Patricia Goldsmith)དང་རྡོ་རྗེ་ཚེ་རིང་། ནིའུ་ཛི་ལན་ཌིའི་བེུད་(Patricia Goldsmith)དང་རྡོ་རྗེ་ཚེ་རིང་།
Otago Daily Times

ཆང་ས་རྫུན་མ་རྒྱབ་ནས་ཡོང་བའི་དོགས་གཞིའི་འོག་རྡོ་རྗེ་ཚེ་རིང་ནིའུ་ཛུ་ལན་ཌི་ནས་ཕྱིར་སློག་བྱེད་རྒྱུའི་གནས་སྟངས་སུ་སླེབས་འདུག
ནིའུ་ཛུ་ལན་ཌིའི་ལྷོ་ཕྱོགས་སུ་ཡོད་པའི་གྲོང་ཁྱེར་(Dunedin)་ཞེས་པའི་ནང་གནས་སྡོད་བྱེད་མཁན་བོད་པའི་སྐྱེས་པ་ཞིག་གིས་རང་ཉིད་ལས་ལོ་ཆེ་བའི་ནིའུ་ཛི་ལན་ཌིའི་བེུད་ཞིག་ལ་ཆང་ས་རྒྱབ་ནས་ཡུལ་དེའི་ནང་སླེབས་ཡོད་ཀྱང་ཕྱི་མི་གཞིས་སྤོས་ལས་ཁང་གི་ལས་བྱེད་པས་འདྲི་ཞིབ་བྱས་པའི་རྗེས་དངོས་འབྲེལ་ཁྲིམས་མཐུན་ཆང་ས་རྒྱབ་ཡོད་མེད་ཀྱི་དོགས་གཞིའི་འོག་ད་ཆ་ཁོ་པ་ནིའུ་ཛི་ལན་ཌི་ནས་ཕྱིར་འབུད་བྱ་རྒྱུའི་གནས་སྟངས་སུ་སླེབས་ཡོད་འདུག
ལོ་ན་༥༤་ཡིན་པའི་ནིའུ་ཛི་ལན་ཌིའི་བེུད་(Patricia Goldsmith)་ཞེས་པ་དང་ལོ་ན་༢༨་ལ་སོན་པའི་བོད་རིགས་རྡོ་རྗེ་ཚེ་རིང་གཉིས་སྔ་ལོའི་ཕྱི་ཟླ་༧་ནང་རྒྱ་གར་དུ་ཐུག་པ་དང་། ཕྱི་ཟླ་༨་ཚེས་༥་ཉིན་རྒྱ་གར་དང་བོད་ལུགས་བཞིན་ཆང་ས་རྒྱབ་པ་ཡིན་ཞེས་བཤད་ནས་ཚེ་རིང་རྡོ་རྗེ་ནིའུ་ཛི་ལན་ཌི་དུ་འབྱོར་ནས་འཕྲལ་སེལ་གནས་སྡོད་ཆོག་པའི་ལག་ཁྱེར་རག་ཡོད་འདུག འོན་ཀྱང་ཁོ་པའི་འཕྲལ་སེལ་ལག་ཁྱེར་དེ་བཞིན་ཕྱི་ཟླ་༡༡་ཚེས་༨་ཉིན་དུས་ཚོད་རྫོགས་ཟིན་པ་དང་། ད་ཆ་ཁོང་དུས་ཡུན་ཉིན་གྲངས་༤༢་ནང་ཚུད་ཕྱིར་འབུད་མ་བཏང་རོགས་ཞེས་སྙན་ཞུ་ཕུལ་རྒྱུའི་དུས་ལས་མེད་པ་རེད་འདུག
འདི་ལོའི་ཕྱི་ཟླ་༡༠་ཚེས་༣་ཉིན་ནིའུ་ཛི་ལན་ཌི་གྱི་ཕྱི་མི་གཞིས་སྤོས་ལས་ཁང་གི་དཔོན་རིགས་ཁག་ཅིག་ཞོགས་པ་ཚོུད་༧་ཙམ་ལ་སྔོན་བརྡ་གང་ཡང་མ་སྤྲད་པར་ཧོབ་ཏེ་Dunedin་གྲོང་ཁྱེར་ནང་ཡོད་པའི་ཁོང་གཉིས་ཀྱི་ནང་དུ་ཞིབ་འཇུག་བྱ་ཆེད་ཕྱིན་ནས་ཁོང་གཉིས་དངོས་འབྲེལ་བཟའ་ཚང་ལྟ་བུ་བསྡད་ཡོད་མེད་སོགས་ཀྱི་ཞིབ་འཇུག་དང་འདྲི་ཞིབ་བྱས་ཡོད་འདུག འོན་ཀྱང་སྐབས་དེར་ནང་ནས་ནིའུ་ཛི་ལན་ཌིའི་བེུད་དེའི་དངོས་ཆས་རྐང་གཅིག་གཉིས་ལས་ཐོན་མེད་པ་དང་། དེ་བཞིན་ནིའུ་ཛི་ལན་ཌིའི་བེུད་དེས་རྡོ་རྗེ་ཚེ་རིང་ཀྱི་ཕ་མའི་མིང་ཡང་ཤེས་ཀྱི་མེད་པ། ཁོང་གཉིས་རྒྱ་གར་ནང་ཐུག་ནས་ཟླ་བ་གཅིག་ཙམ་རྗེས་ཆང་ས་རྒྱབ་པ་ཡིན་ཟེར་བ་དེར་ཡིད་ཆེས་མེད་པའི་བློ་དྭོགས་བྱུང་ནས་ད་ཆ་རྡོ་རྗེ་ཚེ་རིང་ནིའུ་ཛི་ལན་ཌི་ནས་ཕྱིར་འབུད་བྱ་རྒྱུའི་མཚམས་སུ་སླེབས་ཡོད་འདུག
རྡོ་རྗེ་ཚེ་རིང་ཀྱི་(Dunedin)་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་(David Clark)་ལགས་སུ་རོགས་པ་གནང་རོགས་ཞུས་འདུག་ཀྱང་གྲོས་ཚོགས་ཀྱི་འཐུས་མི་དེའི་ཡིག་ཚང་ནས་རྡོ་རྗེ་ཚེ་རིང་སྐོར་ཤེས་རྟོགས་ཡོད་ཀྱང་ད་ལྟའི་ཆར་འདི་སྐོར་གང་ཡང་ཞུ་གི་མིན་ཞེས་གསུངས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎