བོད་མི་དབང་འདུས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ།

ཕྱི་ཟླ་གསུམ་པའི་ནང་བྱུང་བའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་བོད་མི་དབང་འདུས་ལགས་ཞུ་བ་ཞིག་ཚེ་བཙོན་གྱི་ཁྲིམས་ཐག་བྱས་ཡོད་པ་རེད།
2008-12-24
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ནང་བྱུང་བའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་བོད་མི་དབང་འདུས་ལགས་ཞུ་བ་ཞིག་ཚེ་བཙོན་གྱི་ཁྲིམས་ཐག་བྱས་ཡོད་པ་རེད།

ཨོ་སི་ཀྲོ་ལི་ཡའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་རོགས་སྐྱོར་འོག་བོད་ནང་ཨེ་ཙིའི་ནད་གཞི་སྔོན་འགོག་དང་བཅོས་ཐབས་ཀྱི་ལས་དོན་སྤེལ་གནང་མཁན་འདི་ལོ་དགུང་གྲངས་བཞི་ཅུ་ཞེ་གཅིག་ལ་ཕེབས་པའི་བོད་མི་དབང་འདུས་ཀྱིས་འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་ཚོས་རྒྱ་ནག་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེའི་ཐོག་རྒྱ་གཞུང་གིས་དྲག་གནོན་བྱས་པ་སོགས་ཀྱི་གནས་ཚུལ་ཁག་ཕྱི་ཕྱོགས་ལ་མཁོ་སྤྲོད་བྱས་པའི་ནག་ཉེས་ཀྱི་ཐོག་ནས་ཁོང་འཛིན་བཟུང་བྱས་ཡོད་པ་དང་ཕྱི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་དགོང་དྲོའི་ལྷ་སའི་གསར་འགྱུར་གྱི་ཐོག་ནས་དབང་འདུས་ལགས་དང་ཁོང་གི་རོགས་པ་ཁག་ཅིག་མཉམ་དུ་ཁྲིམས་ཐོག་ནས་དངོས་སུ་བཙོན་བཅུག་བྱེད་རྒྱུའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཁག་དབྱིན་ཡིག་ཐོག་བཀོད་པ་ནས་ཕྱི་ཕྱོགས་སུ་གཞི་ནས་གནས་ཚུལ་ཤེས་རྟོགས་ཐུབ་པ་བྱུང་ཡོད་པ་རེད། སྐབས་དེར་ཁྲིམས་ཁང་ནས་ཐག་གཅོད་བྱས་པའི་ནང་དབང་འདུས་ལགས་ཀྱིས་འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ནང་བྱུང་བའི་དོན་རྐྱེན་ཁག་བཙན་བྱོལ་ནང་ཡོད་པའི་ཚོགས་པ་དང་སྒྲིག་འཛུགས་ཁག་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ནག་ཉེས་ཀྱི་ཐོག་ནས་ཁོང་ཚེ་བཙོན་གྱི་ཉེས་པ་ཕོག་ཡོད་པ་དང་རྒྱ་གཞུང་གིས་ཁྲིམས་ཐག་བཅད་པའི་ནག་ཉེས་དེའི་ཐོག་དབང་འདུས་ལགས་ནས་ངོས་ལེན་མ་གནང་བར་ཁོང་འདི་ལོའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དང་འབྲེལ་བ་མེད་པའི་སྐོར་འགྲེལ་བརྗོད་བྱས་ཀྱང་རྒྱ་ནག་གཞུང་གིས་བཙན་བཤེད་ཀྱི་སྒོ་ནས་ཁོང་གི་ཐོག་ལ་ནག་ཉེས་ཉེས་བཙུགས་བྱད་ཡོད་པ་རེད་ཅེས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གིས་གསལ་སྟོན་གནང་ཡོད་པ་རེད། དེ་ག་ནང་བཞིན་དེང་སྐབས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་བཞུགས་པའི་བོད་པའི་བེུད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ད་རེས་རྒྱ་ནག་གཞུང་གིས་དབང་འདུས་ལགས་ཐོག་དྲང་བདེན་གྱི་ཁྲིམས་ཐག་བཅད་མེད་པ་སྐྱོན་བརྗོད་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།