འོད་ཟེར་བཟའ་མི་གཉིས་ཉིན་ལྔ་པེ་ཅིང་གི་རང་ཁྱིམ་ནས་བཀག་འདུག

2016-04-29
གློག་འཕྲིན།
མཆན།
Share
པར་བཀོད།
བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་དྲ་ལམ་ནས་༧གོང་ས་མཆོག་གི་བཀའ་སློབ་ལ་ཉན་བཞིན་པ།
བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་དྲ་ལམ་ནས་༧གོང་ས་མཆོག་གི་བཀའ་སློབ་ལ་ཉན་བཞིན་པ།
པར་ཚགས།

རྒྱ་ནག་གཞུང་གིས་ཧི་མ་ལ་ཡའི་ཚོགས་པ་ཞེས་པའི་སྐུ་ཚབ་རྒྱ་ནག་ཏུ་འཚམས་འདྲི་བྱེད་པའི་རིང་ལ། བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་དང་བཟའ་ཟླ་Wang Lixiong་གཉིས་ཁྱིམ་ཚང་ནས་ཕྱི་ལ་འགྲོ་བསྐྱོད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག
དེ་ཡང་ཕྱི་ཟླ་བཞི་པའི་ཚེས་༢༨་ཉིན་གནས་ཚུལ་སྤེལ་བའི་ནང་། ཚེ་རིང་འོད་ཟེར་ལགས་ཀྱིས་ཁོང་གི་twitter་དྲ་བར། ཨ་རིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚམས་འདྲི་བྱེད་པའི་རིང་ལ། ཁོང་དང་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལུགས་ལ་སྐྱོན་བརྗོད་ཀྱི་རྩོམ་འབྲི་གནང་མཁན་བཟའ་ཟླ་Wang Lixioing་གཉིས་ཀྱི་འགྲོ་བསྐྱོད་རང་དབང་ཐོག་བཀག་འགོག་བྱས་ནས་རང་ཁྱིམ་དུ་དམ་དྲག་བྱེད་བཞིན་ཡོད་པའི་སྐོར་དང་། ཁོང་གཉིས་ལ་རྒྱ་ནག་གཞུང་གི་བདེ་འཇགས་ཉེན་རྟོག་པས་ཕྱི་ཟླ་བཞི་པའི་ཚེས་༢༥་རེས་གཟའ་ཟླ་བ་ནས་ཕྱི་ཚེས་༢༩་རེས་གཟའ་པ་སངས་བར་པེ་ཅིང་གི་རང་ཁྱིམ་ནས་ཕྱིར་བསྐྱོད་བྱ་མི་ཆོག་པའི་བཙན་བཀའ་བཏང་ཡོད་པའི་སྐོར་སོགས་བཀོད་ཡོད་པ་རེད་།   
ད་དུང་འོད་ཟེར་ལགས་ཀྱིས། རྒྱ་ནག་གཞུང་གི་བདེ་འཇགས་ཉེན་རྟོག་པས་ཁོང་གཉིས་ལ་པེ་ཅིང་གི་རང་ཁྱིམ་ནས་འགྲོ་བསྐྱོད་མི་ཆོག་པའི་བཙན་བཀའ་བཏང་བའི་གནད་དོན་དེ་ནི་། ཕྱི་ཟླ་བཞི་པའི་ཚེས་༢༥་རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཧི་མ་ལ་ཡ་ཚོགས་པ་ཞེས་པའི་སྐུ་ཚབ་ཚོགས་པ་ཞིག་པེ་ཅིང་དུ་འཚམས་འདྲིར་འབྱོར་གྱི་ཡོད་པ་བརྟེན་ནས་དམ་དྲག་བྱས་པ་ཞིག་ཡིན་ཞིང་། ཨ་རིའི་སྐུ་ཚབ་འཐུས་མི་རྣམས་པེ་ཅིང་དུ་འཚམས་འདྲི་གནང་བའི་རིང་ལ་རྒྱ་ནག་གཞུང་གིས་ཁོང་གཉིས་ལ་རང་ཁྱིམ་དུ་དམ་དྲག་བྱས་པའི་གནས་ཚུལ་རྣམས་མཁྱེན་རྟོགས་ཡོང་བའི་རེ་བ་ཡོད་པའི་སྐོར་བྲིས་ཡོད་པའི་སྐོར་དང་། གསར་འགོད་པས་ཚེ་རིང་འོད་ཟེར་ལགས་དང་ཨ་རིའི་ཧི་མ་ལ་ཡ་ཚོགས་པ་གཉིས་ལ་གནས་ཚུལ་དེའི་སྐོར་འདྲི་རྩད་བྱེད་ཐབས་བྱས་ཏེ་ཁ་པར་བཏང་ཡང་ཁ་པར་ལེན་མཁན་མེད་པའི་སྐོར་དང་། སྤྱིར་བཏང་རྒྱ་ནག་གཞུང་གིས་ཚེ་རིང་འོད་ཟེར་ལགས་དང་། བཟའ་ཟླ་Wang Lixiong གཉིས་ལ་རྒྱ་ནག་ནས་ཕྱི་ཕྱོགས་སུ་འགྲོ་བསྐྱོད་ཀྱི་རང་དབང་ལ་དམ་དྲག་བྱེད་མུས་ཡིན་ལུགས་དང་། ཝང་ལེ་ཞུང་Wang Lixiong་ན་ནིང་ཕྱི་ཟླ་༡༢ པའི་ནང་རྒྱ་ནག་གཞུང་གིས་པེ་ཅིང་རྒྱལ་སྤྱིའི་གནམ་ཐང་ནས་ཉི་ཧོང་དུ་འགྲོ་བསྐྱོད་བཀག་འགོག་བྱས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།