སྤྱི་འཐུས་ནས་ཕྱི་རྒྱལ་གཞུང་ཚབ་ལ་བོད་དོན་ངོ་སྤྲོད།

ཕྱི་ཟླ་བརྒྱད་པའི་ཚེས་༢༤ནས་ ༢༩བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྣེ་འཁྲིད་པའི་སྤྱི་འཐུས་ཁག་ཅིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་རྒྱལ་གཞུང་ཚབ་མི་སྣ་དང་མཇལ་མོལ་གནང་འདུག

2012.08.31

༄༅།  །སྤྱི་འཐུས་ཀྱི་ཚོགས་ཁག་དེས་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དུ་ཡོད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་༢༣    གྱི་གཞུང་ཚབ་པ་དང་།   གཞུང་ཚབ་པ་གཞོན་པ།  ཆབ་སྲིད་སྡེ་ཚན་གྱི་མི་སྣ་ཁག་མཇལ་འཕྲད་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་།  ལྷག་པར་དུ་བོད་ནང་རྒྱ་རིགས་འབོར་ཆེན་གནས་སྤོ་བྱེད་བཞིན་པའི་གནས་སྟངས་སྐོར་སོགས་སྙན་སེང་ཞུས་ཡོད་པ་རེད།    ད་རེས་རྒྱ་ནག་གཞུང་གིས་རྒྱུན་གཏན་དང་མི་འདྲ་བར་ཕྱིའི་གཞུང་ཚབ་ཁག་ཏུ་རྒྱ་ནག་གཞུང་ཚབ་ཀྱི་མི་སྣ་དངོས་སུ་བཅར་ཏེ། རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་མི་འགྲོ་བའི་ཆེད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཐུག་འཕྲད་མི་གནང་རྒྱུའི་གནོད་ཤུགས་སྤྲད་ཡོད་པ་རེད།  དེས་རྐྱེན་པས་ཕྱི་རྒྱལ་གཞུང་ཚབ་འགའ་ཤས་ཀྱིས་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཐུག་འཕྲད་གནང་མེད་རུང་།  སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་གཙོས་གཞུང་ཚབ་ཁག་༢༣    གྱི་གཞུང་ཚབ་པ་སོགས་ཀྱིས་ཚོགས་གཙོ་མཆོག་དང་ཐུག་འཕྲད་གནང་ཏེ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྐོར་གླེང་མོལ་ལྷུག་པོ་གནང་ཡོད་པ་རེད།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ངོ་སྤྲོད་གནང་གསལ་ལྟར་ན།   རྒྱ་ནག་གཞུང་ལ་དངངས་འཚབ་ཆེན་པོ་བྱུང་ཡོད་པར་བརྟེན་ཐེངས་འདིའི་ཐུག་འཕྲད་ཀྱི་ལས་རིམ་སྔ་ཕྱི་བར་དུ་བཀག་འགོག་བྱ་རྒྱུའི་ཐབས་ཤེས་བྱས་ཡོད་ན་ཡང་།  གཞུང་ཚབ་ཁག་ནས་བོད་ཀྱི་ཛ་དྲག་གི་གནས་སྟངས་སྐོར་མཁྱེན་དུས།  བློ་འཚབ་དང་ཐུགས་ཁུར་ཆེ་བཞེས་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད་པའི་སྐོར་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎