བོད་ནང་གི་བོད་མི་ཚོས་དུས་དབང་གི་གཟུངས་སྔགས་གསོག་སྒྲུབ།


2017.01.12
དཀར་མཛེས་ཕྱོགས་ཀྱི་ས་ཁྲ། དཀར་མཛེས་ཕྱོགས་ཀྱི་ས་ཁྲ།
Photo: RFA

དཀར་མཛེས་ཕྱོགས་ཀྱི་བོད་མི་ཚོས་རྒྱལ་བའི་ཞབས་རིམ་དང་དུས་འཁོར་དབང་ཆེན་གྱི་གཟུངས་སྔགས་གསོག་སྒྲུབ་གནང་བཞིན་འདུག
དེ་ཡང་དེང་སྐབས་དཀར་མཛེས་རྫོང་ཕྱོགས་སུ་ལོ་ལྟར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ། ཞབས་རིམ་གསོག་སྒྲུབ་ཞུ་བཞིན་ཡོད་པ་དེའང་ལོ་ལྟར་བོད་ཟླ་༡༡་པའི་ནང་ཉིན་གྲངས་༤་ནས་༦་བར་ཚུགས་སྲོལ་ཡོད་པ་བཞིན་ད་ལོ་རྒྱ་གར་གནས་མཆོག་རྡོར་རྗེ་གདན་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་གི་ཡོད་པའི་དུས་ཚོད་དང་གཅིག་པ་འཁེལ་ཡོད་སྟབས་མི་མང་གིས་དམིགས་བསལ་དུས་འཁོར་དབང་ཆེན་གྱི་གཟུངས་སྔགས་གསོག་སྒྲུབ་གནང་བཞིན་ཡོད་པ་རེད།
ཕྱི་ལོ་༢༠༠༠་ཡས་མས་ཀྱི་མཚམས་ནས་ལོ་ལྟར་བེ་རི་དགོན་ཕྱོགས་ཀྱི་ལྷ་སྡེ་སོ་སོར་བོད་ཟླ་༡༡་པའི་ཟླ་དཀྱིལ་ཙམ་ལ་ཉིན་གྲངས་བཞི་དང་ལྔ་དྲུག་བཅས་སུ་སྒྲོལ་མ་གསོག་སྒྲུབ་ཀྱིས་རྒྱལ་བའི་སྐུ་ཕྱའི་ཞབས་རིམ་ཞུ་སྲོལ་ཡོད་པ་ལྟར། ད་ལོ་དཀར་མཛེས་ཁུལ་གྱི་གོང་ཞུས་ས་གནས་སུ་དད་ལྡན་གསེར་སྐྱ་མི་མང་གང་མང་འདུ་འཛོམས་ཀྱིས་རྒྱལ་བའི་ཞབས་རིམ་གསོག་སྒྲུབ་དང་། དུས་
འཁོར་དབང་ཆེན་གྱི་གཟུངས་སྔགས་གསོག་སྒྲུབ་གནང་ཡོད་པའི་སྐོར་བོད་ནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་འདུག
བོད་ཟླའི་ཚེས་༡༡་ནས་༡༥་བར་དུ་བོད་ནང་གི་གཞིས་ལུས་བོད་མི་རྣམས་ནས་སྨོན་ལམ་བརྒྱབ་པ་ཡིན་ན་དུས་འཁོར་དབང་ཆེན་ཐོབ་པ་དང་ཁྱད་པར་མེད་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བཀའ་གནང་བ་བཞིན་བོད་ནང་གི་བོད་མི་མང་པོ་ཞིག་གིས་ཁ་འདོན་དགེ་སྦྱོར་དང་། དམར་ཟས་སྤང་བ། སྲོག་བླུ་བཏང་བ་སོགས་དགེ་བ་རྒྱ་གང་ཆེ་བསྒྲུབ་བཞིན་ཡོད་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎