ནིའུ་ཇཱར་སི་ཨེ་ཤེ་ཡའི་འགྲེམས་སྟོན་དུས་སྟོན།

བོད་མི་གསུམ་བརྒྱ་སྐོར་ཞིག་ནས་ཁ་ས་ཨ་རིའི་ནིའུ་ཇཱར་སི་མངའ་སྡེའི་ཨེ་ཤེ་ཡའི་འགྲེམས་སྟོན་གྱི་དུས་སྟོན་དེར་མཉམ་ཞུགས་གནང་ཡོད་པ་རེད་

2008-06-02
Share

༄༅༎ཨ་རིའི་ནིའུ་ཡོག་དང་ནིའུ་ཇཱར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་ ༣༠༠ སྐོར་ཞིག་རེས་གཟའ་ཉི་མ་ཉིན་ཚོགས་གནང་བའི་ ནིའུ་ཇཱར་སི་ མངའ་སྡེའི་ཨེ་ཤི་ཡའི་འགྲེམས་སྟོན་གྱི་དུས་སྟོན་དེར་མཉམ་ཞུགས་གནང་ཡོད་པ་རེད་

དུས་སྟོན་དེར་མཉམ་ཞུགས་གནང་མཁན་བོད་མི་ཚོས་སྣུམ་འཁོར་ཐོག་བོད་ཀྱི་ཆོས་དང་རིག་གཞུང་གི་འགྲེམས་སྟོན་གནང་ཞིང་དགེ་འདུན་ཁག་ཅིག་གིས་དུང་ཆེན་བཏང་གནང་ཡོད་པ་རེད་ བོད་མིའི་འགྲེམས་སྟོན་དེ་འགྲེལ་བརྗོད་གནང་མཁན་གྱིས་ བོད་ཀྱིི་ད་ལྟའི་སྲིད་དོན་གྱི་གནས་བབ་དང་འཁྲབ་སྟོན་ཁག་འགྲེལ་བརྗོད་གནང་ཡོད་ཅིང་ དུས་སྟོན་དེར་ཞུགས་མཁན་བོད་མི་རྣམས་སྣུམ་འཁོར་ཆེན་པོ་ཞིག་མདུན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་དང་བོད་ཀྱི་རྒྱལ་དར་གྱིས་སྔོན་བསུས་སྟེ་བོད་པའི་གཟབ་ཆོར་སྤྲས་ཏེ་དེ་རུ་སྒྲིག་ནང་ཞུགས་ཡོད་པ་རེད་

ཨ་རིའི་ནིའུ་ཇཱར་སི་མངའ་སྡེའི་ནང་གོ་སྒྲིག་གནང་བའི་དུས་སྟོན་དེར་ནིའུ་ཇཱར་སི་དང་ནིའུ་ཡོག་མངའ་ཁུལ་དུ་གནས་འཁོད་ཨེ་ཤི་ཡའི་མི་རིགས་རྣམས་དུས་སྟོན་དེར་མཉམ་ཞུགས་གནང་ཡོད་ཅིང་ དེའི་ཁོངས་རྒྱ་གར་བ་དང་རྒྱ་མི་ ཐེ་ཝན་ ཕཱི་ལི་པིན་ སོགས་ཀྱི་མི་རིགས་རྣམས་ཞུགས་ཡོད་པ་རེད་ དུས་སྟོན་གྱི་ཐོུང་མ་ཡིན་པའི་རིག་གཞུང་གི་གཞས་སྣའི་འཁྲབ་སྟོན་གྱི་བྱ་གཞག་ནང་བོད་པའི་ནིའུ་ཡོག་དང་ནིའུ་ཇཱར་སི་མངའ་སྡེའི་ཆོལ་གསུམ་རིག་གཞུང་ཚོགས་པ་ཡང་མཉམ་ཞུགས་གནང་ཡོད་ཅིང་ དུས་སྟོན་ཐོག་ཨེ་ཤི་ཡའི་ཡུལ་ཁག་གི་ཁ་བཟས་འདྲ་མིན་ཁག་ཡང་ཉོ་ཚོང་བྱེད་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད་པ་རེད་ དུས་སྟོན་ཐོག་ནིའུ་ཇཱར་སི་མངའ་སྡེའི་དཔོན་རིགས་མཐོ་ཤོས་སྲིད་སྐྱོངས་སྐུ་ཞབས་ ཇོན་ཁོར་ཛིན་ གཙོས་མངའ་སྡེའི་སྲིད་དོན་པ་དང་ཨེ་ཤི་ཡའི་མི་རིགས་ཀྱི་སྲིད་དོན་པ་ཁག་ཡང་ཕེབས་ཡོད་པ་རེད་

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།