བལ་ཡུལ་ནང་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཉུང་བའི་དཀའ་ངལ།
2015.06.23
བལ་ཡུལ་ནང་ས་ཡོམ་རྗེས་ཕྱི་ཕྱོགས་ནས་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་སྔ་ལོ་ལས་བརྒྱ་ཆ་༩༥ཙམ་མར་ཆག་ཡོད་པ་རེད་འདུག
དེ་ཡང་བལ་ཡུལ་ནང་ད་ལོ་ས་ཡོམ་ཤུགས་ཆེ་རྒྱབ་ཏེ་མི་རྒྱུ་ཟོག་དང་བཅས་པར་ཆགས་སྒོ་ཤིན་ཏུ་ཚབས་ཆེ་བྱུང་བ་ནས་བཟུང་བལ་ཡུལ་གྱི་Poharaཁུལ་གྱི་ས་གནས་དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་མེད་པར་སྟོང་པ་ལྟ་བུར་ལུས་ཡོད་པ་དང་། བལ་ཡུལ་གྱི་Pokharaཁུལ་གྱི་མཚོ་ཁར་ཆགས་པའི་ས་གནས་ནས་མིང་ལ་Gurungཞུ་བའི་ནམ་རྒྱུན་འཚོ་རྟེན་ཆེད་རྒྱུགས་ཆུའི་སྟེང་གྲུ་བཏང་ཞིང་། ཡུལ་སྐོར་སྤྲོ་འཆམ་པ་ཚོར་གནས་བཤད་བྱེད་མཁན་བལ་པོ་དེས་AFPགསར་ལས་ཁང་ལ་བརྗོད་དོན་ལྟར་ན། སྲོལ་རྒྱུན་དུ་ད་ལྟའི་སྐབས་འདིར་རང་བཞིན་མཛེས་སྡུག་ལྡན་པའི་ས་ཁུལ་དེར་ཡུལ་བསྐོར་སྤྲོ་འཆམ་པས་ཁེངས་ནས་སྡོད་པའི་གནས་སྟངས་ཤིག་ཡིན་རུང་ས་ཡོམ་གྱི་རྗེས་སུ་ཡུལ་བསྐོར་སྤྲོི་འཆམ་དུ་ཡོང་མཁན་ཤིན་ཏུ་དཀོན་ཞིང་། ཉུང་ཉུང་ཆགས་ཏེ་དེའི་ཁུལ་གྱི་གནས་བཤད་པ་ཚོར་ལས་ཀ་མེད་པར་གྱུར་པ་དང་། ནམ་ཀུན་ཁོང་ལ་ཡོང་བབས་ཨ་སྒོར་སྟོང་ཕྲག་ཙམ་ཡོང་གི་ཡོད་ཀྱང་དེང་སང ཉི་མ་རེ་ལ་ཨ་སྒོར་གཉིས་ཙམ་རག་ན་ཡག་པོ་རེད་ཅེས་གསར་འགོད་པར་དཀའ་ངལ་ངོ་སྤྲོད་བྱས་འདུག ཁོང་གིས་ནང་མིའི་འཚོ་རྟེན་སླད་དུ་འདས་པའི་མི་ལོ་༡༥འི་རིང་Pokharaཁུལ་ལ་གྲུ་གཏོང་བ་དང་། གནས་བཤད་པ་གཅིག་ལྕོག་བྱས་ནས་འཚོ་གོས་གནས་མལ་འཚོལ་བཞིན་ཡོད་པ་རེད། དངོས་འབྲེལ་བྱས་ན་Pokharaཁུལ་ལ་རྟེན་གཞི་བྱས་པའི་མགྲོན་ཁང་དང་། ལག་ཤེས་བཟོ་གྲ། ཡུལ་སྐོར་སྤྲོ་འཆམ་པ་ཚོ་འཆར་ཅན་བསྐྱོད་སའི་ཟ་ཁང་། དེ་བཞིན་ Annapurnaའི་ཁུལ་གྱི་རི་འཛེགས་ལམ་རྒྱུད་ཁག་ལ་ས་ཡོམ་གྱི་ཆག་སྒོ་དེ་ཙམ་ཕོག་མེད་རུང་སྔ་ལོ་དང་བསྡུར་ན་ད་ལོ་ཡུལ་སྐོར་སྤྲོ་འཆམ་བྱ་བར་ཡོང་མཁན་བརྒྱ་ཆ་༩༥ཙམ་མར་ཆག་ཡོད་པ་རེད། དེ་བཞིན་བལ་ཡུལ་གྱི་རྒྱལ་ས་Kathmanduའི་ནང་ལ་རྟེན་གཞི་བྱེད་པའི་Fast Travel and Tours ཞེས་པའི་ཡུལ་སྐོར་སྤྲོ་འཆམ་ཁེ་ལས་ཁང་གི་བདག་པོ་Dal Bahadur Limbu ཞུས་བས་བརྗོད་དོན། ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་ཚོས་ཐོག་མར་དེབ་སྐྱེལ་བྱས་ཀྱང་ད་ཆ་ཕྱིར་འཐེན་བྱས་ཏེ་ད་ལོའི་ནམ་དུས་ཀྱི་ཡོང་བབ་ཧ་ལམ་རྩ་མེད་ཆགས་ཡོད་པ་རེད་ཅེས་བརྗོད་འདུག
གསར་འགོད་པ་འབེན་པ་སྟོབས་རྒྱལ།