ཨ་མདོ་རྔ་པ་ས་ཁུལ་དུ་ཚེ་ཁོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་འདུག

2018-03-07
གློག་འཕྲིན།
མཆན།
Share
པར་བཀོད།
ཚེ་ཁོ་འམ་ཡོངས་གྲགས་སུ་ཚེ་ཁོ་སྟུག་ཆགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་ དེ་མ་ཐག་ཏུ་འདས་གྲོངས་སུ་འགྱུར་འདུག
ཚེ་ཁོ་འམ་ཡོངས་གྲགས་སུ་ཚེ་ཁོ་སྟུག་ཆགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་ དེ་མ་ཐག་ཏུ་འདས་གྲོངས་སུ་འགྱུར་འདུག
བོད་མིའི་སྒྲིག་འཛུགས།

Australia གནས་བཞུགས་རྨེའུ་དཀོན་རྒྱམ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན་ཕྱི་ཚེས་༣ཚེས་༧ཉིན་ཕྱི་དྲོའི་དུས་ཚོད་ལྔ་པ་ཡས་མས་སུ་ཨ་མདོ་རྔ་བའི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་ལྔ་པའི་མི་སྐྱ་ཚེ་ཁོ་འམ་ཡོངས་གྲགས་སུ་ཚེ་ཁོ་སྟུག་ཆགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་དེ་མ་ཐག་ཏུ་འདས་གྲོངས་སུ་འགྱུར་འདུག གནས་ཚུལ་འབྱུང་ཁུངས་ཀྱི་གསུངས་ན་ཚེ་ཁོ་ལགས་ཀྱི་རང་ལུས་མེར་སྲེག་གཏོང་དགོས་དོན་ནི། རྒྱ་ནག་གཞུང་གིས་བོད་དང་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་རྒོལ་བྱས་པ་ཞིག་ཡིན་པ་གསུངས་འདུག ཚེ་ཁོ་ལགས་ཀྱིས་ཞི་རྒོལ་གནང་ཡུལ་ནི་རྨེའུ་རུ་མའི་ཤང་ཐོག་ཡིན་འདུག ཁོང་ཕལ་ཆེར་དགུང་ལོ་བཞི་བཅུ་ཡས་མས་ཡིན་ཞིང་། ཁོང་གི་ཤུལ་ལུས་ནང་མི་ཁོང་གི་ཨ་མ་ལགས་དང་གཟའ་ཟླ། དེ་བཞིན་ཕྲུ་གུ་བུ་མོ་གཉིས་བཅས་ཡོད་འདུག ས་གནས་ཡུལ་མིས་འགྲེལ་བརྗོད་བྱས་དོན་ལྟར་ན། ཚེ་ཁོ་ལགས་དུས་རྒྱུན་ནས་བོད་དོན་ལ་སེམས་ཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་འདུག ༢༠༠༩ནས་བཟུང་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་༡༥༣བྱུང་ཡོད་ཅིང་། ཚེ་ཁོ་ལགས་ནི་ལོ་འདིའི་ནང་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་དང་པོ་དེ་ཆགས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཚེ་ཁོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་སེམས་འཚབ་ཧ་ཅང་གནང་བ་དང་ལྷན་གསུང་དོན། བོད་མིའི་སྒྲིག་འཛུགས་ནས་རང་ལུས་མེར་སྲེག་མ་གནང་རོགས་ཞེས་འབོད་སྐུལ་ཡང་ཡང་ཞུས་ཡོད་ཀྱང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ ༡༥༢ བྱུང་ཡོད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཚུལ་བཀོད་འཁོད་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།