རྒྱ་ནག་གཞུང་གིས་དམངས་གཙོ་དོན་གཉེར་བ་གཉིས་ལ་ཁྲིམས་ཞིབ།


2015.09.30
Share on WhatsApp
Share on WhatsApp
Lu Gengsong
Photo: RFA

༄༅།རྒྱ་ནག་ནང་སྤྱི་དམངས་རང་དབང་ཐོག་དམ་བསྒྲགས་མུ་མཐུད་བྱེད་བཞིན་པའི་ཁྲོད་དམངས་གཙོ་དོན་གཉེར་བ་གཉིས་ལ་གཞུང་གི་དབང་ཆ་རྩ་གཏོར་བཏང་པའི་ནག་ཉེས་འོག་ཁྲིམས་ཞིབ་འགོ་འཛུགས་བྱས་ཡོད་འདུག༎
རྒྱ་ནག་གཞུང་གིས་དོ་དམ་བཀག་ཉར་བྱས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་Chen Shuping དང་ Lu Gengsong གཉིས་ལ་ གཞུང་ཕྱོགས་ནས་བཀག་སྡོམ་བྱས་པའི་རྒྱ་ནག་དམངས་གཙོ་ཚོགས་པ་ཞེས་པའི་ཚོགས་མི་ཡིན་པའི་སྐྱོན་འཛུགས་བྱས་ཡོད་འདུག  ཁོང་གཉིས་ཀྱི་ཁྲིམས་རྩོད་པ་Fu Yonggang གིས་བརྗོད་ན།  དམངས་གཙོ་དོན་གཉེར་བ་གཉིས་ལ་ཁྲིམས་ཞིབ་དེ་རེས་གཟའ་མིག་དམར་ཉིན། རྒྱ་ནག་གི་Hangzhou གྲོང་ཁྱེར་ནང་འགོ་འཛུགས་བྱས་ཡོད་པ་དང་།  གལ་ཏེ་ཁྲིམས་ཐོག་ནས་གྱོད་དོན་ར་སྤྲོད་བྱུང་ཚེ་ ཚེ་བཙོན་གྱི་ཉེས་ཆད་ཕོག་ཉེན་ཆེ་ཡང་ཁྲིམས་གཏུག་སྐབས་Chen Shuping དང་ Lu Gengsong གཉིས་ཀས་ སྐྱོན་འཛུགས་ལ་ངོས་ལེན་བྱས་མེད་པ་གསལ་འདོན་གནང་བཞག  ཁྲིམས་རྩོད་པས་མུ་མཐུད་བརྗོད་པར།   རྒྱ་ནག་དམངས་གཙོ་ཚོགས་པ་ཞེས་པ་དེས་རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་གྱི་རྩོད་གླེང་བྱེད་པ་དང་།  གོང་གསལ་དམངས་གཙོ་དོན་གཉེར་བ་གཉིས་ནས་རྒྱ་ནག་ནང་མི་མང་དཀྱུས་མའི་བདེ་སྡུག་དང་རྒྱལ་ཁབ་སྤྱིའི་གནས་སྟངས་ཡར་རྒྱས་ཀྱི་ལས་དོན་ཁོ་ན་སྤེལ་བ་ལས་གཞུང་གི་དབང་ཆར་རྒྱབ་འགལ་གང་ཡང་བྱས་མེད་ལུགས་དང་།  ཁོང་གཉིས་ཀྱིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་གཞུང་ཕྱོགས་ཀྱི་སྐྱོན་འཛུགས་དེར།  དཔང་རྟགས་ར་སྤྲོད་ཐུབ་པའི་ཁུངས་སྐྱེལ་ཁ་གསལ་མེད་པ་གསལ་འདོན་བྱས་འདུག།  རྒྱ་རིགས་དམངས་གཙོ་དོན་གཉེར་བ་གཉིས་ལ་ཁྲིམས་བཤེར་སྐབས་མི་གྲངས་བཅུ་གྲངས་ཙམ་ཞིག་ནས་ཁྲིམས་ཁང་གི་ཕྱི་ལ་ཁོང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཀྱི་འདུ་འཛོམས་བྱས་འདུག།  གནས་ཚུལ་ནང་གསལ་ལྟར་ན།  དེ་སྔ་༢༠༠༧ལོར། དམངས་གཙོ་དོན་གཉེར་བ་རྒྱ་རིགས་Chen Shuping གིས་ ཕྱི་ཕྱོགས་སུ་གནས་པའི་རྒྱའི་སྐད་ཡིག་གི་དྲ་ལམ་ཁག་གི་སྟེང་།   རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་། རྒྱ་ནག་ནང་དམངས་གཙོའི་བཅོས་བསྒྱུར་དགོས་གལ་སྐོར་བྲིས་རྩོམ་བྱས་པའི་རྐྱེན་ལོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་ ༢༠༠༨ལོར་ དམངས་གཙོ་དོན་གཉེར་བ་Lu Gensong ལ་ཡང་ནག་ཉེས་གཅིག་མཚུངས་འོག་ལོ་བཞིའི་རང་བཙོན་འཇུག་བྱས་འདུག༎

གསར་འགོད་པ་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་ཞུ་གཏུག་ལས་འགུལ་དང་འབྲེལ་ཉེན་རྟོག་པས་འཛིན་བཟུང་གིས་གཅར་རྡུང་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎