རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་སྤེལ་བཞིན་པའི་བྱ་སྤྱོད་ཐད་དབྱིན་ཡུལ་གྱིས་བློ་ཚབས་ཡོད་པའི་རྣམ་འགྱུར་བསྟན་འདུག

2025.03.11
རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་སྤེལ་བཞིན་པའི་བྱ་སྤྱོད་ཐད་དབྱིན་ཡུལ་གྱིས་བློ་ཚབས་ཡོད་པའི་རྣམ་འགྱུར་བསྟན་འདུག དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཌེ་ཝིཌ་ལེ་མི་ (David Lammy) ཡིས་ཧྥི་ལིན་པིནསི་ནང་གསར་འགོད་ལྷན་ཚོགས་གནང་སྐབས། ༢༠༢༥།༣།༨
REUTERS

རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལས་དོན་འདྲ་མིན་སྤེལ་བཞིན་པ་ནི་ཉེན་ཁ་དང་བློ་ཚབ་སྐྱེས་གཞི་ཞིག་ཆགས་ཡོད་སྐོར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཌེ་ཝིཌ་ལེ་མི་ (David Lammy) ཡིས་ཁོང་གི་ (X) སྤྱི་ཚོགས་དྲྭ་ལམ་སྟེང་སྤེལ་ཡོད་ཅིང་། ཁོང་གིས། ང་ཚོས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་བྱ་སྤྱོད་སྤེལ་བཞིན་པ་དང་། ལྷག་པར་ཉེན་ཁ་ཅན་དང་བརྟན་ལྷིང་མེད་པར་བཟོ་གཞིར་གྱུར་བའི་བྱ་སྤྱོད་ཀྱི་ཐད་ལ་བློ་ཚབས་ཡོད་ལ། དབྱིན་ཡུལ་དང་འཛམ་གླིང་གི་དཔལ་འབྱོར་དེ་བཞིན་མཚོ་ལམ་དེར་བརྟེན་ནས་ཡོད་པས། ལྷོ་རྒྱ་ནག་རྒྱ་མཚོའི་བདེ་འཇགས་དང་ཉེན་སྲུང་ནི་གལ་ཆེན་པོ་གྱུར་ཡོད་སྐོར་བཀོད་འདུག
འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་འཛམ་གླིང་གི་ཚོང་ལས་འགྲུལ་ལམ་གྱི་གལ་གནད་ཅན་གྱི་མཚོ་ཁུལ་འཁེལ་བའི་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་དེ་རྒྱ་ནག་ལ་ཡོད་སྐོར་བརྗོད་དེ། ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བསུན་གཙེར་དང་བཙན་ཤེད་བྱེད་བཞིན་པའི་གནས་ཚུལ་རིམ་པ་བྱུང་ཡོད་པ་རེད་ལ། ལྷག་པར་དུ་ཧྥི་ལིན་པིནསི་རྒྱལ་ཁབ་ལ་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་དང་འབྲེལ་བའི་ཐད་དཀའ་ཚེགས་བཟོ་བཞིན་པ་ལྟར། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་དེ་འབྲེལ་གྱི་བརྙན་ཐུང་ཞིག་སྤེལ་བའི་ནང་། ཧྥི་ལི་པིནསི་ནི་རྒྱ་ནག་གི་བྱ་སྤྱོད་དེར་གདོང་ལེན་བྱེད་མཁན་དང་། རྒྱ་ནག་གི་བྱ་སྤྱོད་དེ་དག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཚོང་ལས་འགྲུལ་བཞུད་ཀྱི་རང་དབང་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་དཀའ་ངལ་ཡང་ཡང་བཟོ་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་བྱས་འདུག།


གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དང་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་འབྲུག་ཡུལ་གྱིས་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་པ་ནི་བློ་ཕམ་གྱི་གནས་རེད་ཅེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎