བོད་དོན་ཞུ་གཏུག་གི་ལས་འགུལ་ཐབས་བྱུས་ཐད་ཚོགས་འདུ།


2017.01.31
མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཐད་ཚོགས་འདུ་དང་ཟབ་སྦྱོང་སྐབས། ༢༠༡༧།༡།༢༩ མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཐད་ཚོགས་འདུ་དང་ཟབ་སྦྱོང་སྐབས། ༢༠༡༧།༡།༢༩
tibet.net

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཐད་ཚོགས་འདུ་དང་ཟབ་སྦྱོང་ཚོགས་འདུག
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་ཐབས་ལ་དམིགས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་སྐོར་ཉིན་གཉིས་རིང་གི་ཚོགས་བསྡུ་དང་ཟབ་སྦྱོང་གཅིག་ལྕོག་བསྐྱངས་པ་འདི་ཚེས་༢༩་ཉིན་ལེགས་གྲུབ་བྱུང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་གནང་བའི་ནང༌། ཐེངས་འདིའི་ཟབ་སྦྱོང་ནང་ཕྱི་དྲིལ་ལས་ཁུངས་དང་། སུད་སི་སྐུ་ཚབ་དོན་ཁང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཡོ་རོབ་ཁུལ་གྱི་བོད་མིའི་སྤྱི་འཐུས་བཅས་བོད་དོན་ལས་འགུལ་དང་འབྲེལ་བ་ཡོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་བཅུ་བཞི་མཉམ་ཞུགས་བྱེད་མི་རྣམས་ལ། སྐབས་དེར་གདན་འདྲེན་ཞུས་པའི་བོད་དོན་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་ཕྱོགས་ལ་མཁས་པ་རྣམས་ཀྱིས། འདི་ལོའི་ཕྱི་ཟླ་གཉིས་པའི་ནང་སུད་སི་གྲོང་ཁྱེར་ཇི་ནི་ཝར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐོང་འཚོགས་གནང་རྒྱུ་ཡིན་སྟབས། སྐབས་དེར་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་སྟོན་བྱེད་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་སྦྱང་བཤད་གནང་བ་མ་ཟད། རྒྱལ་ཚོགས་ནང་ཞུ་གཏུག་གི་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་ཐད་ཟབ་སྦྱོང་། དེ་བཞིན་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྒྲིག་གཞི་དང་ཆ་རྐྱེན་ཁག་གཞི་ལ་བཞག་ནས་འབྱུང་འགྱུར་ལོ་ལྔའི་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་ཞུ་གཏུག་རིམ་པ་སྤེལ་རྒྱུའི་འཆར་གཞི་བང་སྒྲིག་སྟངས་ཐད་ལའང་བསམ་ཚུལ་བརྗེ་རེས་དང་གོ་བསྡུར་སྦྱང་བཤད་གནང་ཡོད་འདུག།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཧི་མ་ལ་ཡའི་ཁུལ་དུ་གནས་སྡོད་ཡུལ་མི་ཚོས་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་ཡིག་ལ་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་སུ་ལ་ཐོབ་ཀྱང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་དེར་འགྱུར་བ་འགྲོ་རྒྱུ་མིན་པ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎