མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་རྒྱ་ནག་ལ་བོད་མི་གར་སོང་ཆ་མེད་དུ་གྱུར་བ་ཚོའི་གནས་ཚུལ་ཁ་གསལ་བཟོ་དགོས་པའི་དགོས་འདུན་བཏོན་འདུག

2025.01.16
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་རྒྱ་ནག་ལ་བོད་མི་གར་སོང་ཆ་མེད་དུ་གྱུར་བ་ཚོའི་གནས་ཚུལ་ཁ་གསལ་བཟོ་དགོས་པའི་དགོས་འདུན་བཏོན་འདུག རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་ཀྱི་མཇུག་སྐྱོང་ཚོགས་འདུ་འཚོགས་སྐབས། ༠༡།༢༦།༢༠༢༤
UNHRC

དེ་ཡང་འདི་ཚེས་༡༤ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེད་མཁས་པ་ཁག་ཅིག་གིས་བོད་ནང་གི་བོད་མི་གར་སོང་ཆ་མེད་དུ་གྱུར་བ་དགུ་ཡི་གནད་དོན་ཐེ་བའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཁ་གསལ་བཟོ་དགོས་བའི་འབོད་སྐུལ་གྱི་སྤྱི་བསྒྲགས་སྤེལ་གནང་ཡོད་པ་དང་། དེར་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དགའ་བསུ་གནང་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་དྲུག་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་གནད་དོན་དམིགས་བསལ་གྱིས་ཐག་གཅོད་གནང་མཁན་ལས་དོན་སྡེ་ཚན་གསུམ་གྱི་སྐུ་ཚབ་བཅས་ནས་རྒྱ་ནག་པེ་ཅིང་གཞུང་ལ་བོད་མི་གར་སོང་ཆ་མེད་གྱུར་བ་ ༩ ཡི་མིང་འདོན་གྱིས་ཁོ་ཚོའི་གནས་སྟངས་ཁ་གསལ་བཟོ་དགོས་པའི་དགོན་འདུན་བཏོན་ཡོད་པ་རེད་ལ།
བོད་མི་དེ་དག་གི་ཁོངས་སུ་༢༠༢༤ ཟླ་ ༩ ཚེས་འགོར་རྒྱ་ནག་གཞུང་གིས་རྒྱུ་མཚན་མེད་པར་འཛིན་བཟུང་བྱས་པའི་བློ་བཟང་བསམ་གཏན་ལགས་དང་། བློ་བཟང་འཕྲིན་ལས་ལགས། བན་སྐྱིད་ལགས། ཚེ་རིང་བཀྲ་ཤིས་ལགས་བཅས་ཀྱི་གནས་སྟངས་དང་གར་ཡོད་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་མ་ཟད། ཁོང་ཚོར་ཉེས་འཛུགས་ག་རེ་བྱས་ཡོད་མེད་ཀྱང་ཤེས་རྟོགས་མེད་པ་རེད་ཞེས་གནས་ཚུལ་ནང་འཁོད་འདུག
ཡང་སྤྱི་བསྒྲགས་དེས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ནས་མི་ལོ་༡༡འགྲོ་བཞིན་པའི་ཤར་ཏུར་ཀི་སི་ཐན་གྱི་ཐོབ་ཐང་དོན་གཉེར་བ་གྲགས་ཅན་(Ilham Tohti)་ཡང་གླེང་གནང་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་བཙན་གནོན་འོག་ཡོད་པའི་བོད་མི་དང་ཡུ་གུར། རྒྱ་ནག་གི་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོའི་ཚབ་ཞུས་ནས་རྒྱ་ནག་གཞུང་ལ་འབོད་སྒྲ་སྒྲོག་གནང་བར་དགའ་བསུ་ཞུ་གི་ཡོད། འདིའི་ཐོག་ནས་རྒྱ་ནག་ནང་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་གྱི་རྒྱ་ཁྱོན་ཇེ་ཆེར་འགྲོ་བཞིན་པ་སྔར་བས་གསལ་བཏོན་ཐུབ་ཀྱི་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་བསྒྲགས་གཏམ་འདིར་སྣང་མེད་དུ་མི་གཏོང་བར། རྒྱ་ནག་གི་དཔོན་རིགས་དང་མཉམ་དུ་འབྲེལ་ལམ་དང་གནད་དོན་ཐག་གཅོད་ཀྱི་སྐབས་སུ་འདི་དག་ཡིད་ལ་དྲན་དགོས་ཅེས་ནན་བརྗོད་གནང་འདུག།


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ལ་སོགས་གནད་ཡོད་མི་སྣ་ཚོས་གསུམ་བཅུའི་དུས་དྲན་ཉིན་བསྒྲགས་གཏམ་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎