རྒྱ་ནག་ནང་ཐེན་ཅིན་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ཚོས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ཐེམས་སྤང་བཀའ་རྒྱ་མུ་མཐུད་བསྡམས་པར་ངོ་རྒོལ་བྱས་འདུག

2022.05.28
རྒྱ་ནག་ནང་ཐེན་ཅིན་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ཚོས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ཐེམས་སྤང་བཀའ་རྒྱ་མུ་མཐུད་བསྡམས་པར་ངོ་རྒོལ་བྱས་འདུག རྒྱ་ནག་ནང་ཐེན་ཅིན་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ཚོས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ཐེམས་སྤང་བཀའ་རྒྱ་མུ་མཐུད་བསྡམས་པར་ངོ་རྒོལ་བྱས་འདུག
ཐེན་ཅིན་སློབ་ཕྲུག

ཐེན་ཅིན་སློབ་ཆེན་གྱི་སློབ་མ་ཚོས་ཡིག་ཚད་གཏང་རྒྱུའི་ཆེད་ཚུར་འཛིན་ཁང་ནང་ཡོང་དགོས་པ་ལས་དེ་མིན་སོ་སོའི་རང་ཁྱིམ་ནས་དྲ་ཐོག་སློབ་ཚན་ཚོགས་བཅུག་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་རེད།
ཐེན་ཅིང་གཙུག་ལག་སློབ་ཆེན་དུ་ད་ལོའི་སྤྱི་ཟླ་དང་པོ་ནས་བཟུང་སློབ་མ་༡༥༠༠༠ཙམ་སོ་སོའི་སྡོད་ཁང་ནང་ཐེམས་སྤང་བཀའ་རྒྱ་འོག་གནས་ཡོད་པ་རེད། དེ་ཡང་སྦྱར་ཡིག་གཅིག་གི་ནང་སློབ་ཆེན་སློབ་མ་ཚོས་རང་ཁྱིམ་དུ་ལོག་བཅུག་དགོས་པ་དང་། དྲ་ཐོག་ནས་སློབ་ཚན་འཚོགས་རྒྱུའི་དགོས་འདུན་སྟོན་ཡོད་པ་རེད། ད་ལྟའི་ཆར་སློབ་མ་ཚོ་སློབ་ཆེན་ནང་ཡོད་པའི་སོ་སོའི་ཉལ་ཁང་དུ་བཅུག་ནས་དྲ་ཐོ་འཛིན་གྲྭ་ཚོགས་ཀྱི་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་ཕྱི་ཚེས་༢༧ཉིན་གནས་ཚུལ་སྤེལ་བ་གཞིགས་ན། ཕྱི་ཚེས་༢༦གཟའ་ཕུར་བུ་ཉིན་གྱི་དགོང་མོ་ཐེན་ཅིན་གཙུག་ལག་སློབ་ཆེན་ནང་སློབ་མ་བརྒྱ་ཕྲག་མང་པོས་འདུ་འཛོམས་ཀྱིས་སློབ་ཆེན་གྱི་འགོ་ཁྲིད་ཚོ་ཕྱིར་ཐོན་ནས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དམ་བསྒྲགས་བཀག་སྡོམ་ཐད་སློབ་ཚན་ཚོགས་པ་དང་། ཡིག་ཚད་གཏོང་རྒྱུའི་བཀོད་སྒྲིགས་ཇི་ལྟར་དགོས་མིན་སོགས་ཀྱི་སྐོར་གྲོས་མོལ་བྱེད་དགོས་པ་བརྗོད་འདུག སྐབས་དེར་སློབ་མ་ཚོས་གཏམ་བཤད་སྤེལ་བ་དང་སྦྲགས་རྒྱུན་སྲོལ་སྲུང་བརྩིའི་ལམ་ལུགས་ལ་ངོ་རྒོལ་ཡོད། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་ཡོད་ཅེས་སྐད་འབོད་བརྒྱབ་པ་སྤྱི་ཚོགས་བརྒྱུད་ལམ་ཐོག་བརྙན་པར་དང་བཅས་མཐོང་རྒྱུ་ཡོད། སློབ་ཆེན་སློབ་མ་བརྒྱ་ཕྲག་མང་པོ་སློབ་གྲྭའི་རྭ་སྐོར་ནང་སྡེབ་གཅིག་ཏུ་འདུ་འཛོམས་ཀྱིས་ངོ་རྒོལ་བྱེད་པའི་རྣམ་པ་མཐོང་རྒྱུ་ཡོད་པ་དང་དེ་བཞིན། དེ་སྔ་༡༩༨༩ལོར་རྒྱ་ནག་པེ་ཅིང་གི་རྣམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཆེན་སློབ་མ་ཚོས་གཟའ་འཁོར་འགའ་ཤས་ཀྱི་རིང་དམངས་གཙོའི་བསྒྱུར་བཅོས་དང་ཁྲིམས་ཀྱི་དབང་བསྒྱུར་དགོས་པའི་ཞི་རྒྱ་ཆེ་བའི་ལས་འགུལ་དེ་དྲན་གསོ་ཐེབས་པ་ཞིག་ཡིན་འདུག
འོན་ཀྱང་སྐབས་དེ་དུས་དྲུག་པའི་ཚེས་༣དང་༤བཅས་ཉིན་གཉིས་རིང་ངོ་རྒོལ་བྱེད་མཁན་ཚོར་ཁྲག་དྲི་དྲོ་བའི་དྲག་གནོན་བྱས་ཏེ་གྲངས་འབོར་ངེས་གཏན་མེད་པའི་མི་མང་པོ་རྐྱེན་ལམ་དུ་བཏང་ཡོད་པ་རེད།
ཐེན་ཅིང་ནང་སློབ་མ་ཚོས་ངོ་རྒོལ་མ་བྱེད་པའི་སྔོན་རྒྱ་ནག་པེ་ཅིན་དུ་ཡོད་པའི་སྲིད་ཁྲིམས་སློབ་ཆེན་དང་། དགེ་འོས་སློབ་ཆེན་གཉིས་ཀྱི་སློབ་མ་བརྒྱ་ཕྲག་ཁ་ཤས་ཀྱིས་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་དང་འབྲེལ་བའི་འགྲོ་སྡོད་སྤྱོད་གསུམ་ལ་དམ་དྲག་བྱས་ཏེ་བསུན་གཙེར་བཟོ་བཞིན་པའི་གནས་སྟངས་ལ་མ་བཟོད་པར་ངོ་རྒོལ་བྱས་ཡོད་པ་སྤྱི་ཚོགས་དྲ་ལམ་དུ་སྤེལ་བའི་བརྙན་ཐུང་ཁག་ལས་ཤེས་རྟོགས་བྱུང་ལ་རྗེས་སུ་རྒྱ་གཞུང་གིས་སློབ་མའི་དགོས་འདུན་ཁག་ལ་དངས་ལེན་ཞུས་འདུག་།ཐེན་ཅིང་གནས་བསྡོད་ཡུལ་མི་ཞིག་གིས་སློབ་ཆེན་གྱི་འགན་འཁུར་བ་ཚོས་དྲུག་བཞི་དོན་རྐྱེན་སྔ་ནུབ་ཏུ་ད་དུང་གཞི་རྒྱ་ཆེ་བའི་ངོ་རྒོལ་མ་ཡོང་བའི་ཆེད་སློབ་མ་ཚོའི་དགོས་འདུན་ཁག་ལ་དམ་ལེན་མ་བྱེད་དཀའ་མེད་ཆགས་ཀྱི་རེད། སློབ་ཆེན་སློབ་མ་ཚོས་གནས་སྟངས་ཚང་མ་རྒྱུས་ལོན་གྱིས་གཅིག་སྒྲིལ་གྱི་ཐོག་ནས་ཁྲིམས་མཐུན་ངོ་རྒོལ་བྱས་པ་རེད་ཅེས བརྗོད་འདུག
རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་གཅིག་ཀྱང་མེད་པ་བཟོ་རྒྱུའི་སྲིད་ཇུས་དེ་མི་དམངས་དཀྱུས་མ་ཚོར་འགྲོ་འདུག་སྤྱོད་གསུམ་ཐོག་དཀའ་ངལ་ཆེན་པོ་སྤྲོད་ཡོད་པ་རེད།
གསར་འགོད་པ། བསྟན་ནོར།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་གསར་པ་དབུ་འབྱེད་གནང་བར་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎