འཇིག་རྟེན་འདིའི་ཐོག་གི་འགྲོ་བ་མི་རྣམས་ཀྱི་ཡ་རབས་སྤྱོད་བཟང་གི་རིན་ཐང་།

2018-04-15
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་ཁང་པ་དང་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་གི་ར་མ་ནུ་ཇམ་མཐོ་སློབ་གཉིས་ཀྱིས་མཉམ་འབྲེལ་ཐོག་གོ་སྒྲིག་གནང་བ།
བོད་ཀྱི་ཁང་པ་དང་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་གི་ར་མ་ནུ་ཇམ་མཐོ་སློབ་གཉིས་ཀྱིས་མཉམ་འབྲེལ་ཐོག་གོ་སྒྲིག་གནང་བ།
སངས་རྒྱས་རྒྱ་མཚོ།

༄༅༎ཕྱི་ཟླ་༤་ཚེས་༡༤་དང་༡༥་ཉིན་གཉིས་ཀྱི་རིང་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱེད་པའི་རྒྱ་གར་རང་བྱུང་བསྟི་གནས་ཁང་གི་ཚོགས་ཁང་དུ་བོད་ཀྱི་ཁང་པ་དང་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་གི་ར་མ་ནུ་ཇམ་མཐོ་སློབ་གཉིས་ཀྱིས་མཉམ་འབྲེལ་ཐོག་གོ་སྒྲིག་གནང་བའི་འོག་ཏུ་འཇིག་རྟེན་འདིའི་ཐོག་གི་འགྲོ་བ་མི་རྣམས་ཀྱི་ཡ་རབས་སྤྱོད་བཟང་གི་རིན་ཐང་དང་འབྲེལ་ཏེ་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་དུ་མིའི་རིགས་ཀྱི་ནང་སེམས་ཀྱི་གཤིས་རྒྱུད་བཟང་བོའི་རིན་ཐང་གི་རྣམ་དཔྱོད་གོང་མཐོར་ཇི་ལྟར་གཏོང་དགོས་པའི་སྐོར་ལ་འབྲེལ་ཡོད་ཀྱི་མཁས་དབང་དང་ཆེད་ལས་པ་དག་གིས་གཏམ་བཤད་བགྲོ་གླེང་དང་གོ་བསྡུར་སྦྱངས་བཤད་སོགས་མཛད་ཡོད་པ་རེད། ཉིན་གཉིས་རིང་གི་བགྲོ་གླེང་ཚོགས་འདུའི་ཐོག་ཏུ་ཉེ་བའི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་ཐོག་གི་མི་རྣམས་ལ་སེམས་ཀྱི་འཕྲོད་བསྟེན་དགོས་གལ་ཆེ་བར་བཀའ་སློབ་གནང་བའི་དགོངས་དོན་གྱི་ཆ་ཤས་སུ་མིའི་རིགས་ཀྱི་སེམས་ཚོར་དང་འབྲེལ་བའི་བཟང་བོའི་རྣམ་དཔྱོད་ཀྱི་བྱེད་ལས་མངོན་དུ་གྱུར་བའི་རྣམ་པ་རྟོགས་ཐབས་ལ་གཞིགས་ཏེ་དེང་རབས་ཀྱི་ཚན་རིག་གི་ལྟ་བ་དང་མཐུན་པའི་རྒྱ་གར་གྱི་ཕུན་སུམ་ཚོགས་པའི་བསླབ་བྱ་དང་ཆོས་ལུགས་དང་མ་འབྲེལ་བའི་འཇིག་རྟེན་གྱི་ལྟ་བ་ལ་སོགས་པའི་ལེགས་བཤད་དེ་དག་ལ་གཞི་རྒྱ་ཆེ་བའི་གྲོས་མོལ་ཞིག་ཡོང་ཐབས་ལ་དམིགས་ཏེ་བསམ་བློའི་རྣམ་གཞག་གི་ལྟ་བའི་སྐོར་ལ་གོ་རྟོགས་སྤེལ་ཡོད་པ་རེད།།
གསར་འགོད་པ་སངས་རྒྱས་རྒྱ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།