ཨ་རིའི་གཞུང་ཚབ་ཆེན་མོ་དང་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཐུག་འཕྲད།


2019.05.20
ཨ་རིའི་གཞུང་ཚབ་ཆེན་མོ་(Terry Branstad)དང་རྒྱ་ནག་གི་སྲིད་འཛིན། ༢༠༡༧།༩།༣༠ ཨ་རིའི་གཞུང་ཚབ་ཆེན་མོ་(Terry Branstad)དང་རྒྱ་ནག་གི་སྲིད་འཛིན། ༢༠༡༧།༩།༣༠
AP

རྒྱ་ནག་པེ་ཅིང་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་དང་བོད་རང་སྐྱོང་ལྗོངས་གི་སྲིད་གཞུང་འགོ་ཁྲིད་དང་དམར་ཤོག་ཚོགས་པའི་དྲུང་ཆེ་སོགས་ཐུག་འཕྲད་བྱུང་འདུག
རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཊེ་རཱི་སྦརནསྀ་ཊཱཌ་(Terry Branstad)མཆོག་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཞིང་། ཕྱི་ཚེས་ ༢༠ ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གཙོ་འཛིན་ཆེ་དགྲ་ལྷ་དང་། རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཡུ་ཇིང་ཅིཡེ་སོགས་དང་མཇལ་འཕྲད་གནང་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་ཨ་རིའི་གཞུང་ཚབ་ཆེན་མོས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་པ་བོད་དུ་གཟིགས་བསྐོར་དུ་ཕེབས་པའི་གནད་དོན་འདི་རྒྱ་ནག་གཞུང་ཕྱོགས་ཀྱི་ངོས་ནས་ཆེས་གསང་བ་དམ་པོ་བྱེད་བཞིན་ཡོད་འདུག
ཚེས་༢༠་ཉིན། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་(Lu kang)་གིས་རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཚབས་སྦརནསྀ་ཊཱཌ་(Branstad)བོད་ནང་འཚམས་གཟིགས་སུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་དང་། བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་དྲུག་བཅུའི་ནང་འགྱུར་བ་ཆེན་པོ་ཇི་ཙམ་ཕྱིན་ཡོད་མེད་དེ་ཁོང་རང་ཉིད་ཀྱིས་དངོས་སུ་གཟིགས་ཐུབ་རྒྱུ་ཡིན་པ་བརྗོད་འདུག་ལ། དེ་བཞིན་རྒྱ་ནག་གི་མགྲིན་ཚབ་(Lu)་ཡིས། སྐུ་ཞབས་སྦརནསི་ཊཱཌ་གྱིས་གཟིགས་བསྐོར་འདིའི་སྐབས་ཕྱོགས་ལྷུང་གི་གཟིགས་ཚུལ་མེད་པར། བར་གནས་ཀྱི་གཟིགས་སྟངས་ཤིག་གི་ཐོག་ནས་མཐར་ཁོང་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གསལ་པོ་ཞིག་འབྱུང་རྒྱུར་རྒྱ་ནག་གཞུང་གིས་རེ་བ་ཡོད་སྐོར་བརྗོད་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་བཀའ་ལན་གནང་པར་གཞིགས་ན། ཨ་རིའི་གཞུང་ཚབ་ཆེན་མོ་བོད་ནང་གཟིགས་སྐོར་གནང་རིང་ས་གནས་ཀྱི་འགོ་ཁྲིད་ཆེ་ཁག་ལྷན་དུ་བོད་མིའི་མངོན་འདོད་དང་། བོད་མིའི་ཆོས་དད་དང་རང་དབང་ལ་དམ་བསྒྲགས་ཆེན་པོ་ཡོད་པ། བོད་མིའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བཅས་ཀྱི་གནད་དོན་གལ་ཆེའི་ཐོག་བཀའ་མོལ་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཞིང་། དེ་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་གོ་སྐབས་བཟང་པོ་ཞིག་ཡིན་པར་ངོས་འཛིན་གནང་བ་དང་སྦྲགས། འདི་ལྟ་བུའི་འཚམས་གཟིགས་ནི། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཁོར་ཡུག་བཅས་པའི་གལ་འགངས་ཀྱི་རང་བཞིན་དངོས་སུ་མཁྱེན་རྟོགས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་གསུངས་འདུག
ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Terry Branstad)མཆོག་ད་རེས་བོད་ནང་འཚམས་གཟིགས་སུ་ཕེབས་པ་འདི་ནི་ཕྱི་ལོ་ ༢༠༡༨ ལོའི་ཟླ་བ་༡༢ པའི་ནང་ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་གཏན་འབེབས་གནང་བའི་རྗེས་ཨ་རིའི་དཔོན་རིགས་བོད་ནང་ཕེབས་མཁན་མཐོ་ཤོས་དེ་ཆགས་ཡོད་ཅིང་། སྐུ་ཞབས་(Terry Branstad)མཆོག་གི་གོང་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་བོད་དུ་ཕེབས་མཁན་མཐའ་མ་ནི་གཞུང་ཚབ་པ་སྐུ་ཞབས་མེཀསྀ་སྦོ་ཀསྀ་(Max Baucus)་མཆོག་ཡིན་ཞིང་། ཁོང་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༥ ནང་བོད་དུ་ཕེབས་ཡོད་འདུག
དེའི་གོང་ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་དྲུག་པའི་ནང་གཞུང་ཚབ་པ་སྐུ་ཞབས་གྷེ་རི་ལོཀ་(Gary Locke)་མཆོག་བོད་དུ་ཕེབས་ཡོད་པ་དང་། འཚམས་གཟིགས་དེར་གཞུང་འབྲེལ་གྱི་རྣམ་པ་མངོན་ཆུང་བཟོ་སླད་ཁོང་གི་ནང་མི་ལྷན་ཁྲིད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎