ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་དཔོན་རིགས་ཐོག་བཀག་སྡོམ་གྱི་ཉེས་ཆད།

2020-07-31
གློག་འཕྲིན།
མཆན།
Share
པར་བཀོད།
ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་དཔོན་རིགས་ཐོག་བཀག་སྡོམ་གྱི་ཉེས་ཆད།
ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་དཔོན་རིགས་ཐོག་བཀག་སྡོམ་གྱི་ཉེས་ཆད།
Reuters

ཕྱི་ཟླ་ ༧ ཚེས་ ༣༡ ཉིན་ཨ་རིའི་ནོར་སྲིད་ལྷན་ཁང་གི་ཕྱི་རྒྱལ་གྱི་མ་རྩ་བཀག་སྡོམ་གཞུང་དོན་ཁང་གིས་རྒྱ་ནག་གི་གཞུང་འབྲེལ་སྒྲིག་འཛུགས་ཞིག་དང་ལས་གནས་ཁུར་བཞིན་པའམ་གཞུང་གི་དཔོན་རིགས་ཟུར་པ་གཉིས་ལ་ཉེས་ཆད་བཀག་སྡོམ་བྱས་དོན་གྱི་རྒྱུ་མཚན་ནི་ཁོང་ཚོས་ཤིན་ཅང་རང་སྐྱོང་ལྗོངས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚབས་ཆེའི་བརྡལ་བཤིག་ཆེ་བཏང་བའི་རྐྱེན་གྱིས་ཡིན་པ་ཨ་རིའི་ནོར་སྲིད་ལྷན་ཁང་གི་དྲུང་ཆེ་ སཊི་ཝན་ མའ་ནུ་ཆའན་གྱིས་མཚནཐོག་སྤེལ་བའི་གསལ་བསྒྲགས་དེའི་ནང་བཀོད་འདུག

ཉེས་ཆད་གཏོང་ཡུལ་གྱི་དཔོན་རིགས་དེ་ཚོའི་ཁོངས་སུ་ཤིན་ཅང་ཐོན་སྐྱེད་འཛུགས་བསྐྲུན་དམག་སྡེའི་ཆབ་སྲིད་འགོ་དཔོན་སུན་ཅིན་ལུང་།ཤིན་ཅང་དམག་སྡེའི་དམཪ་ཤོག་དྲུང་ཆེ་གཞོན་པ་དང་དམག་སྤྱི་གཅིག་ལྕོག་ཕེང་ཅའ་རུའེ་བཅས་མིང་འདོན་བྱས་ཡོད་ཅིང་། དཔོན་རིགས་དེ་དག་གིས་ཤིན་ཅང་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེ་བཏང་བ་དང་། ལྷག་པར་དུ་གཞི་རྒྱ་ཆེན་པོའི་སྒོ་ནས་གང་བྱུང་དོ་དམ་བཀག་ཉར་དང་རྡུང་རྡེག་བཏང་བ་སོགས་གསལ་བཏོན་བྱས་འདུག

ཨ་རིའི་ནོར་སྲིད་གཞུང་དོན་ཁང་གི་དྲུང་ཆེ་སི་ཊི་ཝན་མའ་ནུའུ་ཆའན་གྱིས། ཨ་རིའི་ངོས་ནས་ནོར་སྲིད་ཀྱི་དབང་ཤུགས་ཡོངས་སུ་རྫོགས་པ་བེད་སྤྱད་ནས་ཤིན་ཅང་དང་འཛམ་གླིང་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱེད་མཁན་ལ་འགན་འཁྲི་རྩད་འདེད་བྱེད་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

ཡང་ཕྱི་ཟླ་ ༧ ཚེས་ ༩ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་མཆོག་གིས་ཤིན་ཅང་ཡུ་གུར་ཁ་ཆེའི་མི་རིགས་ཐོག་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་མཁན་ད་ལྟའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ གྲན་གོན་ཆུའན་སོགས་མི་བཞི་དང་ཁོང་ཚོའི་ནང་མི་དང་བཅས་པ་ཨ་རིའི་ནང་ཡོང་རྒྱུའི་ཐོངས་མཆན་ཝི་ས་སྤྲོད་རྒྱུ་མིན་པའི་དམ་དྲག་གི་གསལ་བསྒྲགས་ཀྱང་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།