རྒྱ་ནག་གི་ལི་ཐུའེ་ནི་ཡར་བཙན་ཤེད་བྱེད་བཞིན་པར་ཨ་མེ་རི་ཀས་གདོང་ལེན་གནང་རྒྱུ།

2021.08.14
རྒྱ་ནག་གི་ལི་ཐུའེ་ནི་ཡར་བཙན་ཤེད་བྱེད་བཞིན་པར་ཨ་མེ་རི་ཀས་གདོང་ལེན་གནང་རྒྱུ། ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ལྕམ་ཝེན་ཌི་ཤེརྨན།
ཨེ་པི།

ཨ་མེ་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་ལྕམ་ཝེན་ཌི་ཤརྨེན་ལགས་ཀྱིས་རེས་གཟའ་པ་སངས་ཉིན་ལི་ཐུའི་ནི་ཡའི་ཕྱི་སྲིད་བློན་ཆེན་གྷབ་རི་ལིའུ་སེ་ལནྜིསེ་བྷརྒིསེ་(Gabrielius Landsbergis)ལ་བཀལ་མོལ་གནང་བ་བརྒྱུད་ནེ་ཊོ་ཞེས་བྱང་ཨེཊ་ལན་ཊིག་མཐུན་གྲོས་སྒྲིག་འཛུགས་ཀྱི་ཕྱོགས་གཏོགས་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ལི་ཐུའེ་ནི་ཡ་ཡིས་ཐའེ་ཝན་དང་འབྲེལ་མ་གསར་འཛུགས་གནང་བཞིན་པར་རྒྱ་ནག་གི་གནོན་ཤུགས་སྤྲོད་བཞིན་པ་དེར་གདོང་གནང་རྒྱུ་ཡིན་ལུགས་གསུངས་གནང་འདུག དབུ་ཁྲིད་རྣམ་གཉིས་ཀྱིས་བྷེ་ལ་རུསུ།(Belarus) ཡི་ཆབ་སྲིད་ཀྱི་གནས་སྟངས་སྐོར་ཡང་བཀའ་བསྡུར་གནང་བ་དང་སྦྲགས་བྷེ་ལ་རུ་སུ་ཡིས་མང་གཙོའི་ལས་འགུལ་ལ་མཐུན་འགྱུར་གནང་ཕྱོགས་སྐོར་བཀའ་བསྡུར་གནང་བ་དང་དེ་བཞིན་བྷེ་ལ་རུ་སུ་ཡི་སྲིད་འཛིན་ཨེ་ལེཁ་ཛེནྡར་ལུ་ཀ་ཤེན་ཀོ་(AlexanderLukashenko)མཆོག་གིས་རང་གི་ས་མཚམས་ལ་སྟངས་འཛིན་ནན་པོ་བྱས་ཏེ་ཡུལ་དེའི་ཡུལ་མི་Belarus ནང་གཞིས་སྤོ་བྱེད་བཞིན་པ་མཚམས་འཇོག་བྱ་གལ་ཆེ་བའི་སྐོར་ཡང་བཀའ་བསྡུར་ཡང་གནང་ཡོད་འདུག ད་ལམ་ལི་ཐུའེནི་ཡ་ནང་ཐའེ་ཝན་གྱི་གཞུང་ཚབ་ཁང་དེ་ཐའེ་ཝན་གཞུང་ཚབ་ཁང་ཞེས་འབོད་ཆོག་པར་Lithuania ཡིས་མོས་མཐུན་གནང་རྗེས་རྒྱ་ནག་གིས་ལི་ཐུའེ་ན་ཡི་རྒྱལ་ས་ཝིལ་ནིའུསེ་(Vilnius) ནས་རྒྱ་ནག་གི་གཞུང་ཚབ་ཕྱིར་འཐེན་བྱ་རྒྱུ་དང་ལི་ཐུའེནི་ཡིས་རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཡོད་པའི་གཞུང་ཚབ་པ་ཕྱིར་འཐེན་དགོས་ལུགས་བརྗོད་ཡོད་འདུག།

གསར་འགོད་པ། ཀརྨ་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎