བོད་ནང་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་། ཞི་ཅིན་ཕིན་གྱིས་དབང་ཆ་གཅིག་སྡུད་ཀྱི་སྲིད་ཇུས་སོགས་འཛིན་བཞིན་པ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་ཡོད་པ།

2022.08.10
བོད་ནང་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་། ཞི་ཅིན་ཕིན་གྱིས་དབང་ཆ་གཅིག་སྡུད་ཀྱི་སྲིད་ཇུས་སོགས་འཛིན་བཞིན་པ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཏམ་བཤད་གནང་བཞིན་པ། ༢༠༢༢།༠༨།༡༠
RFA

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་གནང་སྟེ་བཞུགས་སྒར་དུ་ཕྱི་ཟླ་༨པའི་ཚེས་༡༠ནས་ཉི་མ་གཉིས་རིང་། བཙན་བྱོལ་ནང་ད་ལྟའི་བོད་ཀྱི་རིག་གཞུང་གི་གནས་བབས་དང་མ་འོངས་ལམ་སྟོན་གྱི་བརྗོད་གཞིའི་ཐོག། རྒྱ་གར་ནང་གི་སྡེ་ཚན་ཁག་འདྲ་མིན་གྱི་རིག་གཞུང་ཆེད་མཁས་དང་ཉམས་ཞིབ་པ་༢༣ཚོགས་བཅར་གནང་ཡོད་ཅིང་། བགྲོ་གླེང་དབུ་འབྱེད་ཀྱི་མཛད་སྒོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས། བོད་ནང་ཉིན་རེ་བཞིན་གནས་སྟངས་ཛ་ཇེ་དྲག་ཏུ་འགྲོ་བཞིན་པ་དང་། ཞི་ཅིན་ཕིན་གྱིས་དབང་ཆ་གཅིག་སྡུད་ཀྱི་ཐོག་ནས་མི་རིགས་གཅིག་དང་སྐད་ཡིག་གཅིག། རིག་གཞུང་གཅིག་གི་སྲིད་ཇུས་སོགས་འཛིན་བཞིན་པ་གསུང་གི་འདུག

ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཉམས་ཞིབ་པ་མཁས་དབང་ཚོས། ཆོས་རིག་ལས་ཁུངས་ནས་ལག་བསྟར་བྱེད་འོས་པ་དང་སྲིད་ཇུས་འཛིན་པར་ཐུགས་ཕན་སོས་པའི་ལས་གཞི་དེ་འདྲ་བཏོན་ཐུབ་ན། དེ་ང་ཚོས་རྒྱུན་སྐྱོང་གི་ཐབས་ཤེས་གནང་གི་ཡིན་པ་གསུང་གནང་གི་འདུག

གཞན་ཡང་ཚོགས་བཅར་པ་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས། བོད་ཀྱི་རིག་གཞུང་གི་ད་ལྟའི་གནས་བབ་ནི་དཀའ་ངལ་དང་ཛ་དྲག་ཅིག་ཆགས་ཡོད་པ་དང་། འདས་པའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ཏེ་མ་འོངས་ལམ་ཁ་འཚོལ་ཐབས་ཀྱི་བསམ་ཚུལ་འཆད་རྩིས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཚོགས་བཅར་པ་ཝར་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ནས། ༧གོང་ས་མཆོག་གིས་ཡང་ནས་ཡང་དུ་བཀའ་སློབ་གཟིགས་སྐྱོང་དང་འཛུགས་བསྐྲུན་ལ་བརྟེན་ཏེ། བོད་ཀྱི་རིག་གཞུང་སླར་གསོ་རྒྱུན་འཛིན་གྱི་ཐོག། བཙན་བྱོལ་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས་གྲུབ་འབྲས་ཧ་ཅང་ཡག་པོ་ཐོན་ཡོད་ནའང་། ད་དུང་༧གོང་ས་མཆོག་གི་དགོངས་པ་ཧ་ཅང་རྒྱ་ཆེན་པོ་མང་པོ་ཡོད་དེ་ཚོའི་ཐོག། གོམ་པ་མདུན་སྤོས་ཀྱི་ཐད་བསམ་ཞིབ་གནང་དགོས་པའི་དགོངས་འཆར་གསུང་གི་འདུག

མཁས་པའི་བགྲོ་གླེང་གོ་སྒྲིག་པ་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ནས། རིག་གཞུང་ནི་འཐབ་རྩོད་ཀྱི་ཆ་ཤས་གལ་ཆེ་ཤོས་ཤིག་ཆགས་ཡོད་པར་མཐོང་སྟེ། འབྲེལ་ཡོད་རིག་གཞུང་ལ་ཕྱག་ལས་ཉམས་མྱོང་ཅན་ཚོ་གདན་ཞུས་ཀྱིས། རིག་གཞུང་མི་ཉམས་གོང་འཕེལ་ཆེད་ལས་འཆར་ག་རེ་བང་སྒྲིག་དགོས་མིན་སོགས་ལ་དམིགས་ཏེ་ཚོགས་འདུ་གོ་སྒྲིག་གནང་བ་འགྲེལ་བརྗོད་གནང་གི་འདུགPic05.jpg

མཁས་པའི་བགྲོ་གླེང་དེར་བོད་ཀྱི་དཔེ་མཛོད་དང་བཙུན་དགོན་སྒྲོལ་མ་གླིང་། ཏཱ་ལའི་བླ་མ་མཐོ་སློབ་དང་ས་རཱ་མཐོ་སློབ། ནོར་གླིང་མཐོ་སློབ་དང་དབུས་སྨན་རྩིས་ཁང་། ཀིརྟིའི་བྱེས་པ་གྲྭ་ཚང་དང་འཇམ་དབྱངས་བོད་ཀྱི་རིག་གཞུང་ཁང་སོགས་ནས། དགེ་རྒན་ཆེན་མོ་དང་མཁས་པ་༢༣ལྷན་ཞུགས་བགྲོ་གླེང་གནང་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་མི་རིགས་ཀྱི་སྤྱི་འགྲོས་སྐད་ཕོས་ཏུང་ཧྭ་དེ། སྤྱི་ལོ་༢༠༣༥ལོར་རྒྱ་ནག་རྒྱལ་ཡོངས་སུ་བེད་སྤྱོད་གཅིག་གྱུར་གཏོང་རྒྱུར་གཏན་འབེབས་བྱས་ཡོད་པ་དེས། གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་ཉམས་ཆག་འགྲོ་རྒྱུར་སྐྱོན་བརྗོད་ཤུགས་ཆེ་ཡོང་གི་ཡོད་པ་རེད།

གསར་འགོད་པ།  བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎