སྒོ་ཕྱུཊ་རྩྭ་ཐང་ལ་བཏང་ནས་རྩྭ་ཐང་བྱེ་ཐང་ལ་འགྱུར་བཞིན་པར་གདོང་ལེན་བྱེད་དགོས།


2017.09.18
མཛོད་དགེ་ཕྱོགས་ཀྱི་འབྲོག་པའི་རྩྭ་ཐང་། མཛོད་དགེ་ཕྱོགས་ཀྱི་འབྲོག་པའི་རྩྭ་ཐང་།
Drakyom Palzang

བོད་ནང་འབྲོག་སའི་རྩྭ་ཐང་མང་པོ་ཞིག་བྱེ་ཐང་དུ་འགྱུར་བཞིན་ཡོད་པ་དེར་གདོང་ལེན་ཆེད་གཡག་དང་སྒོ་ཕྱུགས་སེམས་ཅན་རྩ་ཐང་སྟེང་ཀློད་དགོས་ཀྱི་ཡོད་པ་རེད་ཅེས་རྩ་ཐང་སྟེང་གི་གནས་སྟངས་ཐད་ཉམས་མྱོང་ཡོད་པའི་བོད་མི་ཞིག་གིས་བརྗོད་འདུག
དེ་ཡང་རྒྱ་ནག་གི་གཏམ་བརྗོད་དྲ་རྒྱའི་གསར་འགོད་པ་(Feng Hao)་ཞུ་བས། མཛོད་དགེ་ཕྱོགས་ཀྱི་ས་གནས་འབྲོག་པའི་འགོ་ཁྲིད་གྲགས་ཡུམ་པ་སངས་ལགས་སུ། རྩྭ་ཐང་བྱེ་ཐང་དུ་འགྱུར་འགྲོ་བའི་གནས་སྟངས་དང་འབྲེལ་བའི་སྐོར་བཅའ་འདྲི་ཞུས་པའི་སྐབས། པ་སངས་ལགས་ཀྱིས་ས་གནས་དེ་ཚོའི་ནང་ཡོད་པའི་འབྲོག་པ་ཕྱུགས་རྫི་ཚོའི་བུ་ཕྲུག་ཚོ་ཞོགས་པ་རྩ་ཐང་སྟེང་ཉི་མ་ཤར་མ་ཐག་རྩྭ་ཐང་ཐོག་རྩེད་མོ་རྩེད་རྒྱུར་དགའ་པོ་ཡོད་སྐོར་གསུངས་པ་དང་། ཡང་པ་སངས་ལགས་ཀྱིས་ང་རང་ལ་ཆ་བཞག་པ་ཡིན་ནའང་ཆུང་དུས་ངའི་གཅེན་པོ་མཉམ་དུ་རྩ་ཐང་སྟེང་རྕེད་མོར་རོལ་བཞིན་ཡོད། སྐབས་དེ་དུས་རྩ་ཐང་སྟེང་དུ་ཡིབ་རེས་ཀྱི་མཚོན་རྩེད་མོ་སྣ་ཚོགས་ལ་རོལ་སྐབས་རྩའི་ནང་ཡིབ་ཐུབ་པའི་རྩ་རིང་པོ་དང་། མང་པོ་མཐོང་རྒྱུ་ཡོད་མོད་ད་ཆ་རྩ་ཐང་བྱེ་ཐང་དུ་འགྱུར་ཉེན་ཆེ་བའི་གནས་སྟངས་སུ་འགྱུར་ཡོད།
དེར་བརྟེན་རྩྭ་ཐང་སྟེང་གཡག་དང་སྒོ་ཕྱུགས་སེམས་ཅན་ཀློད་དགོས་ཡས་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པ་རེད། གང་ལགས་ཞུས་པ་ཡིན་ན། གཡག་དང་སྒོ་ཕྱུགས་སེམས་ཅན་རྩ་ཐང་ཐོག་གློད་པ་ཡིན་ན་དེའི་ལྕི་བས་རྩ་སྐྱེས་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ལུགས་གསུང་ཡོད་པ་རེད།
ཁོང་གིས་གསར་འགོད་པར་དེ་ལྟར་འགྲེལ་བརྗོད་གནང་དགོས་དོན་ནི། ཁོང་ཆུང་དུས་ནས་རྩ་ཐང་སྟེང་འཚར་ལོངས་བྱུང་བའི་ཉམས་མྱོང་དང་། ད་ཆ་རྩ་ཐང་དེ་དག་བྱེ་ཐང་དུ་འགྱུར་བཞིན་པའི་གནས་སྟངས་ལ་དོན་དངོས་ཀྱི་ཐོག་ཞིབ་འཇུག་བྱས་པའི་ཐོག་ནས་གསལ་བཤད་གནང་བ་ཞིག་ཡིན་པ་འཁོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎