ཁ་བྲལ་གྱི་སྐད་ཆ་བཤད་ན་ཉེས་ཆད་ཕོག་རྒྱུའི་ཉེན་བརྡ་གཏོང་གི་འདུག་ཟེར།

2019-05-31
གློག་འཕྲིན།
མཆན།
Share
པར་བཀོད།
ཡུལ་ཤུལ་ཕྱོགས་ཀྱི་ས་ཁྲ།
ཡུལ་ཤུལ་ཕྱོགས་ཀྱི་ས་ཁྲ།
RFA

རྒྱ་ནག་གཞུང་གིས་བོད་ནང་གི་ཡུལ་ཤུལ་ཁུལ་དང་སྒ་སྟོད་ལྡོམ་མདའ་བཅས་སུ་ནག་ཚོགས་གཙང་སེལ་གྱི་སྲིད་ཇུས་སྤེལ་བཞིན་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་ཡུལ་ཤུལ་ཁུལ་དང་སྒ་སྟོད་ལྡོམ་མདའ་བཅས་སུ་ནག་ཚོགས་གཙང་སེལ་ཟེར་བའི་ལས་འགུལ་སྤེལ་ཞིང་། མང་ཚོགས་ནས་ཁ་བྲལ་གྱི་སྐད་ཆ་བཤད་པ་དང་། བརྙན་དང་པར་རིས་སོགས་བརྒྱུད་བསྐུར་བྱས་པ་རྒྱལ་ཁབ་ཀྱིས་ཤེས་རྟོགས་འབྱུང་ཚེ་ཁྲིམས་འགལ་གྱི་ནག་ཉེས་ཕོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག
རྒྱ་ནག་གཞུང་གིས་ནག་ཚོགས་གཙང་སེལ་གྱི་སྲིད་ཇུས་ཟེར་བ་དེ་དེང་སྐབས་བོད་ཀྱི་ས་ཕྱོགས་ཕལ་ཆེ་བར་སྤེལ་བཞིན་ཡོད་པ་ལྟར། དེང་སྐབས་ཡུལ་ཤུལ་ཁུལ་དུ་ནག་ཚོགས་གཙང་སེལ་ཞེས་བའི་སྲིད་ཇུས་ཤིག་དེ་ལག་བསྟར་བྱེད་བཞིན་ཡོད་པ་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་པ་རེད།
མིང་འབོད་གནང་འདོད་མེད་པའི་བོད་ནང་གི་བོད་མི་དེས། ཡུལ་ཤུལ་ཁུལ་དང་ཁྲིན་འདུ་རྫོང་། ལྡོམ་མདའ། སྒ་སྟོད་རྫོང་དང་རྫ་སྟོད་གྲོང་བརྡལ་བཅས་སུ་ཟླ་བ་འདིའི་ཚེས་མགོ་ནས་བཟུང་རྒྱལ་ཁབ་ཀྱི་ནག་ཚོགས་གཙང་སེལ་ཟེར་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་བྱས་ཤིང་། ད་དུང་ཁོང་གིས། གཙོ་བོ་སྲིད་གཞུང་གི་ས་གནས་དཔོན་རིགས་རྣམས་ཆེད་དུ་གྲོང་སྡེ་སོ་སོའི་ནང་དུ་ཡོང་ནས་ནག་ཚོགས་གཙང་སེལ་ཞེས་བའི་སྲིད་ཇུས་ཀྱི་གོ་དོན་དྲིལ་བསྒྲགས་བྱས་པ་དང་མཉམ་དུ། རྒྱལ་ཁབ་ཀྱིས་གང་བཤད་པ་མང་ཚོགས་ལས་ལག་ལེན་དུ་འཁྱེར་དགོས་པ་དང་།  རུལ་སུངས་དང་རྒྱུ་ནོར་ལྐོག་ལེན་བྱེད་མཁན་གྱི་མི་སྣ་རྩིས་སྤྲོད་བྱེད་དགོས་ལུགས་སོགས་བསྒྲགས་བཞིན་ཡོདཔ་འགྲེལ་བརྗོད་གནང་ཞིང་། གནས་ཚུལ་འབྱུང་ཁུངས་དེས་གསུངས་ན། ནག་ཚོགས་གཙང་སེལ་ཞེས་པའི་སྲིད་ཇུས་དྲིལ་བསྒྲགས་ཀྱི་ཚོགས་འདུར་ཡོང་མཁན་མང་ཚོགས་ཚོས་སོ་སོའི་ངོས་ནས་གཞན་ལ་བརྒྱུད་སྒྲགས་བྱེད་དགོས་པ་དང་། ལྷག་པར་དུ་དྲ་ལམ་ནས་ཆ་རྒྱུས་མེད་པའི་མི་ལ་རང་གི་ས་གནས་ཀྱི་གནས་ཚུལ་ཁ་བརྡ་བྱེད་མི་ཉན་པ་དང་། དམིགས་གསལ་བོད་རྒྱའི་ཆབ་སྲིད་དང་འབྲེལ་བའི་སྐོར་ནས་ཁ་བརྡ་བྱེད་མི་ཆོག་པ། དྲ་ལམ་བརྒྱུད་ནས་ཁ་བྲལ་གྱི་སྐད་ཆ་བཤད་པ་དང་། བརྙན་དང་པར་རིས་སོགས་བརྒྱུད་བསྐུར་བྱས་པ་སོགས་རྒྱལ་ཁབ་ཀྱིས་ཤེས་རྟོགས་འབྱུང་ཚེ་ཁྲིམས་འགལ་གྱི་ནག་ཉེས་ཕོག་རྒྱུ་དང་། ནག་ཉེས་ཕོག་རྗེས་རང་ཉིད་ཀྱི་སྤྱི་དམངས་ཐོབ་ཐང་དཔང་ཡིག་སྟེང་ནས་མ་འོངས་བར་བྱང་བུ་ཉོ་བའམ། ཡང་ན་མེ་འཁོར་དང་རླངས་འཁོར་གྱི་འཛིན་བྱང་ཉོ་དགོས་ནའང་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག
ནགས་ཚོགས་གཙང་སེལ་ཟེར་བའི་སྲིད་བྱུས་འདི་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་ལག་བསྟར་བྱེད་བཞིན་ཡོད་ཅིང་། སྲིད་བྱུས་དེ་ནི་གཙོ་བོ་ཁྲིམས་འགལ་གྱི་ནག་ཉེས་ལས་དོན་ཁག་སེལ་རྒྱུར་དམིགས་པ་ཡིན་ཚུལ་བརྗོད་བཞིན་ཡོད་ཀྱང་། སྲིད་བྱུས་དེ་ཆབ་སྲིད་ཀྱི་འབྲེལ་ཡོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་དང་འབྲེལ་བ་བཟོས་ནས་མང་ཚོགས་ལ་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།