རྫོཊ་ཆེན་རིན་པོ་ཆེ་མཆོག་གིས་རྙིང་མའི་དབུ་འཛིན་དུ་བཞུཊ་རྒྱུའི་ཞལ་བཞེས་གནང་མི་འདུག

2019-05-30
གློག་འཕྲིན།
མཆན།
Share
པར་བཀོད།
སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་སྐུ་ཚབ་དང་། རྙིང་མའི་སྨོན་ལམ་གྱི་རྒྱུན་ལས། དེ་བཞིན་རྙིང་མའི་སྤྱི་འཐུས་རྣམ་པ་གཉིས་བཅས་རྫོགས་ཆེན་རིན་པོ་ཆེ་དང་མཉམ། ༢༠༡༩།༥།༢༩
སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་སྐུ་ཚབ་དང་། རྙིང་མའི་སྨོན་ལམ་གྱི་རྒྱུན་ལས། དེ་བཞིན་རྙིང་མའི་སྤྱི་འཐུས་རྣམ་པ་གཉིས་བཅས་རྫོགས་ཆེན་རིན་པོ་ཆེ་དང་མཉམ། ༢༠༡༩།༥།༢༩
RFA

རྫོགས་ཆེན་རིན་པོ་ཆེ་མཆོག་གིས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་བརྒྱད་པའི་མཛད་འཁུར་བཞེས་རྒྱུར་ཞལ་བཞེས་གནང་མི་འདུག
དེ་ཡང་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་༣༠་པའི་སྐབས་སྔ་འགྱུར་རྙིང་མའི་དབུ་འཛིན་ཕེབས་ཕྱོགས་ཀྱི་ཐད་བཀའ་མོལ་བྱུང་བ་དང་། དེ་སྔོན་སྨོན་ལམ་ཆེན་མོ་སྐབས་༢༩་པའི་ཐོག་རྙིང་མའི་མ་དགོན་དྲུག་གི་བསྟན་བདག་རྣམ་པ་རེས་མོས་ཀྱི་རྙིང་མའི་དབུ་འཛིན་ལོ་གསུམ་རེ་གནང་གཏན་འཁེལ་བའི་ཐག་གཅོད་སོར་གནས་དགོངས་དོན་གཞིར་བཟུང་། ཟླ་བ་འདིའི་ཕྱི་ཚེས་༢༩་ཉིན་སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་སྐུ་ཚབ་དང་། རྙིང་མའི་སྨོན་ལམ་གྱི་རྒྱུན་ལས། དེ་བཞིན་རྙིང་མའི་སྤྱི་འཐུས་རྣམ་པ་གཉིས་བཅས་ནས་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་རྫོགས་ཆེན་དགོན་པར་ཆེད་བཅར་ཞུས་ཏེ། རྫོགས་ཆེན་རིན་པོ་ཆེ་མཆོག་ལ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་བརྒྱད་པར་བཞུགས་རྒྱུའི་སྙན་སེང་ཞུས་སྐབས་རིན་པོ་ཆེ་མཆོག་ནས་ཞལ་བཞེས་གནང་མེད་པ་རེད།
དེའི་སྐོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་རྙིང་མའི་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ང་ཚོའི་རླུང་འཕྲིན་ཁང་ལ། རྫོགས་ཆེན་རིན་པོ་ཆེ་མཆོག་གི་དགོངས་པ་བཞེས་ཕྱོགས་ཀྱི་ཐོག་ནས་རྙིང་མའི་དབུ་འཛིན་ལ་བཞུགས་རྒྱུའི་ཞལ་བཞེས་ཐོབ་མ་སོང་། གནས་སྟངས་དེའི་འོག་ད་ཆ་ང་ཚོའི་མ་དགོན་དྲུག་ནས་ཞེ་ཆེན་བསྟན་བདག་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་ལ་གསོལ་འདེབས་སྙན་སེང་ཞུ་རྒྱུའི་གནས་སྟངས་ཆགས་ཡོད་པ་གསུངས་ཡོད།
ད་དུང་མུ་མཐུད་དུ་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་སྐོར་ལ་གསུངས་སྐབས། གཙོ་བོ་བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་རྙིང་མའི་བཀའ་གཏེར་གཉིས་ཀྱི་དབང་ལུང་གི་རྒྱུད་པ་མི་ཉམས་རྒྱུད་འཛིན་གནང་དང་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་དབུ་བཞུགས་མཛད་རྒྱུ་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འགྲེལ་གཞིར་བཟུང་གཞུང་འབྲེལ་གྱི་མཛད་རིམ་ཁག་གི་ནང་ལྷན་བཅར་ཞུ་རྒྱུ་མཚོན་པས་རྙིང་མའི་དབུ་འཛིན་གྱི་མཛད་འགན་གཙོ་བོ་ཁག་དེ་ལྟར་ཆགས་ཀྱི་ཡོད་པས་འགྲེལ་བརྗོད་གནང་བྱུང་།

མཆན། (0)
Share
དྲ་གནས་ཆ་ཚང༌།