བུ་མོ་འཛོམས་སྐྱིད་ལགས་སུ་སྦེལ་ཇམ་མཛངས་མ་ཆེན་མོ་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་འདུག

2021.09.20
བུ་མོ་འཛོམས་སྐྱིད་ལགས་སུ་སྦེལ་ཇམ་མཛངས་མ་ཆེན་མོ་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་འདུག སྤྱི་ལོ་༢༠༢༡་ལོའི་(Miss Grand Belgium)་ཞེས་པའི་སྦེལ་ཇམ་གྱི་མཛངས་མའི་འགྲན་བསྡུར་ཁྲོད་བོད་པའི་བོུ་བསྟན་འཛིན་འཛོམས་སྐྱིད་ལགས་སུ་རྩེ་ཕུད་ཀྱི་རྒྱལ་ཁ་ཐོབ་སྐབས།
དྲ་བཤུས། /WLM

དེ་ཡང་ཕྱི་ཟླ་དགུ་པའི་ཚེས་༡༨་ཉིན་སྦེལ་ཇམ་རྒྱལ་ཁབ་ཏུ་སྤྱི་ལོ་༢༠༢༡་ལོའི་(Miss Grand Belgium)་ཞེས་པའི་སྦེལ་ཇམ་གྱི་མཛངས་མའི་འགྲན་བསྡུར་ཁྲོད། ད་ལོ་ལོ་ན་༢༠་ཡིན་པའི་སྦེལ་ཇམ་དུ་གནས་བཞུགས་གནང་མཁན་བོད་པའི་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་མཉམ་ཞུགས་གནང་སྟེ་ཁོང་ལ་མཛངས་མ་རྩེ་ཕུད་ཀྱི་རྒྱལ་ཁ་ཐོབ་འདུག
ཁོང་གིས་སྤྱི་ཚོགས་དྲ་རྒྱའི་ཐོག་ད་རེས་ཁོང་ལ་མཛངས་མའི་འགྲན་བསྡུར་ཁྲོད་རྒྱལ་ཁ་ཨང་དང་པོ་ཐོབ་པ་དེ་ནི་རྒྱུན་དུ་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོའི་སྐུལ་མར་བརྟེན་ནས་ཐོབ་པ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་ལ། ད་རེས་མཛངས་མའི་འགྲན་བསྡུར་ནང་རྩེ་ཕུད་ཀྱི་རྒྱལ་ཁ་ཐོབ་པ་ལས་ལྷག་པ་ཁོང་རྣམ་པའི་ཡིད་ཆེས་ཐོབ་པ་དང་། རང་ཉིད་ཀྱི་ཕུགས་བསམ་ལ་ཡིད་ཆེས་བརྟན་པོ་རྙེད་པ་གསལ་སྟོན་གནང་འདུག
འདི་ག་ཨེ་ཤེ་ཡ་རླུང་འཕྲིན་ཁང་གིས་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་ཀྱི་ཨ་མ་ཚེ་རིང་དབྱངས་སྒྲོལ་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གི་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་(Miss Grand Belgium)་ཞེས་པའི་སྦེལ་ཇམ་གྱི་མཛངས་མའི་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། བུ་མོ་ཁོང་ནི་རྒྱུན་དུ་ནས་རིག་རྩལ་ལ་དགའ་བ་དང་། དེར་ཁོང་ཕ་མ་གཉིས་དང་ཁོང་གི་སྤུན་མཆེད་ཚོས་རྒྱབ་སྐྱོར་ཆེན་པོ་གནང་ཡོད་པ་མ་ཟད། ལྷག་པར་དུ་ཁོང་གི་ཨ་ཞང་ལགས་ཀྱིས་རྒྱུན་དུ་ནས་སློབ་གསོ་ལམ་སྟོན་དང་རྒྱབ་སྐྱོར་གནང་བ་བཅས་ལ་བརྟེན་ནས་རྒྱལ་ཁ་ཐོབ་པ་ཡིད་ཆེས་བྱེད་བཞིན་ཡོད་པ་བརྗོད་བྱུང་། འགྲན་བསྡུར་སྐབས་གཟིགས་མོར་ཕེབས་མཁན་བུད་མེད་པ་སངས་ལགས་ཀྱིས། ཁོང་མོར་རྒྱབ་སྐྱོར་དང་དགའ་ཞེན་གནང་མཁན་བོད་མི་གང་ཙམ་ཞིག་གཟིགས་མོར་ཕེབས་འདུག་པ་མ་ཟད། ལྷག་པར་རྒྱུན་དུ་ནས་ཁོང་ལ་དགའ་མོས་ཆེན་པོ་བྱེད་མཁན་བོད་པའི་བུ་མོ་ལོ་༡༩་ཡིན་པ་བུ་མོ་ལོ་ཆུང་འགའ་ཤས་ཞིག་ཀྱང་ཕེབས་འདུག་པས་ཁོང་ནི་སྦེལ་ཇམ་ནང་གཞོན་སྐྱེས་ཚོས་དམིགས་དཔེ་ལྟ་ཡུལ་གྱི་བུ་མོ་ཞིག་ཡིན་པ་རེད་ཅེས་གསུངས་བྱུང་།
བསྟན་འཛིན་འཛོམས་སྐྱིད་ལགས་ད་རེས་སྦེལ་ཇམ་ནང་(Miss་Grand Belgium)་ཞེས་པའི་མཛངས་མའི་རྒྱལ་ཁ་ཐོབ་པར་སོང་། རིང་མིན་ཐེ་ལན་ཌེའི་ནང་སྐོང་འཚོགས་གནང་རྒྱུའི་(Miss Grand international)་ཞེས་པའི་རྒྱལ་སྤྱིའི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད་འདུག
བསྟན་འཛིན་སྐྱིད་འཛོམས་ལགས་ནི། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་ནང་འཚར་ལོངས་བྱུང་ཞིང་། ལོ་བཅིུག་སྐབས་སུ་སྦེལ་ཇམ་དུ་གཞིས་སྤོས་གནང་བ་ཞིག་ཡིན་པ་དང་། སྤྱི་ལོ་༢༠༡༨་ལོར་(Top Modal)་ཞེས་སྦེལ་ཇམ་ནང་གི་གྱོན་ཆས་དཔེ་གསར་དྲིལ་བསྒྲགས་དང་། དེ་བཞིན་སྤྱི་ལོ་༢༠༡༩་ལོར་(Miss Asia Global)་ཞེས་ཨེ་ཤེ་ཡའི་མཛངས་མའི་འགྲན་བསྡུར་ནང་ཞུགས་འདུག ཁོང་གི་སྤྱི་ཚོགས་དྲ་ལམ་(Instagram)་ཐོག་རྗེས་འབྲངས་པ་གཞོན་སྐྱེས་མང་པོ་ཡོད་པ་དང་། ད་རེས་ཁོང་ལ་སྦེལ་ཇམ་མཛངས་མའི་རྒྱལ་ཁ་ཐོབ་པར་བོད་མི་མང་པོས་ཁོང་ལ་དགའ་བསུ་ཞུས་གནང་གི་འདུག

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎