ནིའུ་ཡོག་མངའ་སྡེའི་ཝུཌ་སཡེཌ་ཀྱི་ལམ་ཞིག་གི་མིང་ལ་ས་སྐྱ་བརྩེ་ཆེན་ལམ་ཞེས་མིང་བཏགས་ཡོད་པ།

དཔལ་ས་སྐྱ་༧གོང་མ་༧ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ས་སྐྱ་བརྩེ་ཆེན་ལམ་གྱི་ལམ་བྱང་དབུ་འབྱེད་གནང་པ།

ཨ་རིའི་ནིའུ་ཡོག་མངའ་སྡེའི་ནང་གི་ཝུཌ་སཡེཌི་གྲོང་སྡེར་ལམ་ཞིག་གི་མིང་ལ་ས་སྐྱ་བརྩེ་ཆེན་ལམ་ཞེས་མིང་བཏགས་ཡོད་པ།

ནིའུ་ཡོག་ཏུ་ལམ་ཞིག་གི་མིང་ལ་ས་སྐྱ་བརྩེ་ཆེན་ལམ་ཞེས་མིང་བཏགས་ཡོད་པ། ༢༠༢༦།༥།༢༧
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཇུའུ་ལི་ཝོན་ལ་ལེགས་བསུ་གནང་པ། ནིའུ་ཡོག་ཏུ་ལམ་ཞིག་གི་མིང་ལ་ས་སྐྱ་བརྩེ་ཆེན་ལམ་ཞེས་མིང་བཏགས་ཡོད་པ། ༢༠༢༦།༥།༢༧ (ས་སྐྱ་བརྩེ་ཆེན་ཆོས་ཚོཊ།)

ནིའུ་ཡོག་ནི་བྱང་ཨ་རིའི་ནང་བོད་མི་མང་ཤོས་གནས་ཡུལ་ཨ་རིའི་ས་གནས་ཞིག་དང་། དེ་ཡང་ནེའུ་ཡོག་མངའ་སྡེའི་ནང་གི་ Queens གྲོང་རྡལ་ཡིན་པ་རེད། ཉེ་ཆར་ནིའུ་ཡོག་གྲོང་ཁྱེར་གྱིས་ཝུཌ་སའིཌ་ས་གནས་ཀྱི་ནིའུ་ཡོག་དང་ནིའུ་ཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པའི་ཉེ་འཁྲིས་སུ་ཡོད་པའི་སྲང་ལམ་ ༦༣ ལ་ས་སྐྱ་བརྩེ་ཆེན་ལམ་ཞེས་གྲོང་སྡེ་ལས་ཁུངས་ནས་རྒྱབ་སྐྱོར་གནང་སྟེ་ལམ་གྱི་བྱང་བུ་དེ་བཞིན་དཔལ་ས་སྐྱ་༧གོང་མ་༧ཁྲི་ཆེན་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་ཡོད་པ་དང་། དེ་ནི་ ༢༠༡༩ ལོར་ནིའུ་ཡོག་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་གི་ཉེ་འཁྲིས་སུ་ཡོད་པའི་གཞུང་ལམ་ལ་བོད་ཀྱི་ལམ་ (Tibet Way) དང་ཁེ་ལི་ཧྥོར་ནི་ཡའི་རིཆ་མོནཌི་གྲོང་སྡེའི་ནང་བོད་མིའི་སྤྱི་ཁང་གི་ལམ་ལ་ (Dalai Lama Ave) ཞེས་མཚན་གསོལ་བའི་རྗེས་བོད་པའི་མིང་ཐོབ་པའི་ལམ་གཞན་ཞིག་ཆགས་ཡོད།

ནིའུ་ཡོག་ཏུ་ལམ་ཞིག་གི་མིང་ལ་ས་སྐྱ་བརྩེ་ཆེན་ལམ་ཞེས་མིང་བཏགས་ཡོད་པ། ༢༠༢༦།༥།༢༧
དཔལ་ས་སྐྱ་༧གོང་མ་༧ཁྲི་ཆེན་རིན་པ་ཆེ་མཆོག་གིས་ས་སྐྱ་བརྩེ་ཆེན་ལམ་དབུ་འབྱེད་གནང་པ། ནིའུ་ཡོག་ཏུ་ལམ་ཞིག་གི་མིང་ལ་ས་སྐྱ་བརྩེ་ཆེན་ལམ་ཞེས་མིང་བཏགས་ཡོད་པ། ༢༠༢༦།༥།༢༧ (ས་སྐྱ་བརྩེ་ཆེན་ཆོས་ཚོཊ།)

གཞན་ཡང་ཨ་རིའི་ནིའུ་ཡོག་མངའ་སྡེའི་ནང་བོད་ཀྱི་མཚོ་དང་། བོད་ཀྱི་བགྲོད་ལམ། བོད་ཀྱི་སྒོ་ར་བཅས་ཀྱི་མིང་ཡང་ཡོད་པ་རེད།

ལམ་འདིའི་མིང་བཏགས་རྒྱུའི་གྲོས་འཆར་འདོན་གནང་མཁན་ནིའུ་ཡོག་གྲོང་སྡེ་ ༢༦ པའི་འཐུས་མི་ཇུའུ་ལི་ཝོན་ (Julie Won) ལགས་ནི་ཀུའིན་སི་གྲོང་རྡལ་གྱི་བོད་མིའི་སྤྱི་ཚོགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད།

ནིའུ་ཡོག་ཏུ་ལམ་ཞིག་གི་མིང་ལ་ས་སྐྱ་བརྩེ་ཆེན་ལམ་ཞེས་མིང་བཏགས་ཡོད་པ། ༢༠༢༦།༥།༢༧
ལམ་ ༦༣ ཐོག་ས་སྐྱ་བརྩེ་ཆེན་ལམ་ཞེས་མིང་བཏགས་པ། ནིའུ་ཡོག་ཏུ་ལམ་ཞིག་གི་མིང་ལ་ས་སྐྱ་བརྩེ་ཆེན་ལམ་ཞེས་མིང་བཏགས་ཡོད་པ། ༢༠༢༦།༥།༢༧ (ས་སྐྱ་བརྩེ་ཆེན་ཆོས་ཚོཊ།)

བཙན་བྱོལ་དུ་གནས་སྡོད་བྱེད་མཁན་བོད་མི་མང་པོ་ཞིག་ལ་ངོས་འཛིན་དེ་འདྲ་ལྟ་བུ་ནི་ལམ་ཞིག་གི་མིང་ཙམ་མ་ཡིན་པར་སོ་སོ་བོད་མི་ཡིན་པའི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་དང་། བདག་དབང་། རིག་གཞུང་སྲུང་སྐྱོབ་ཀྱི་འདུན་པ་བཅས་མཚོན་ཡོད་པ་རེད།

བཙན་བྱོལ་དུ་ཡོད་པའི་བོད་མི་མང་པོ་ཞིག་ལ་ལམ་གྱི་མིང་གསར་པ་འདིས་ནིའུ་ཡོག་ནང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བཞིན་པ་དང་མི་རབས་གཞོན་པར་བོད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་གཉིས་ཀ་མཚོན་གྱི་ཡོད་པར་ངོས་འཛིན་བྱེད་མཁན་ཡང་ཡོད་པ་རེད།།

ནིའུ་ཡོག་ཏུ་ལམ་ཞིག་གི་མིང་ལ་ས་སྐྱ་བརྩེ་ཆེན་ལམ་ཞེས་མིང་བཏགས་ཡོད་པ། ༢༠༢༦།༥།༢༧
ས་སྐྱ་བརྩེ་ཆེན་ལམ་དབུ་འབྱེད་གནང་པ། ནིའུ་ཡོག་ཏུ་ལམ་ཞིག་གི་མིང་ལ་ས་སྐྱ་བརྩེ་ཆེན་ལམ་ཞེས་མིང་བཏགས་ཡོད་པ། ༢༠༢༦།༥།༢༧ (ས་སྐྱ་བརྩེ་ཆེན་ཆོས་ཚོཊ།་)

པར་རིས་སྒྲིག་བཟོ་བ། བཀྲ་དབང་།

བརྙན་པར་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།