ཟས་བཅད་ངོ་རྒོལ་ཉིན་༢༣པ།

མཉམ་འབྲེལ་རྒྱལ་ཚོགས་མདུན་བོད་མི་གསུམ་ནས་ཟས་བཅད་ངོ་རྒོལ་བ་གསུམ་གྱི་སྐུ་གཟུགས་གྱི་གནས་སྟངས་སྐྱོ་བོ།

0:00 / 0:00

༄༅༎དེ་རིང་གི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་དུ་བོད་དོན་ཆེད་བོད་མི་གསུམ་གྱིས་གྲོང་ཁྱེར་ནིའུ་ཡོརྐ་ནང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་༢༣འགྲོ་ཡི་ཡོད་པའི་སྐབས་འདིར་མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་གཟིགས་རྟོགས་གནང་ཕྱོགས་སོགས་ཀྱི་སྐོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་དང༌།དབུས་གཞོན་ནུའི་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས།ནིའུ་ཡོརྐ་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་བརྟན་ལྷ་སྐྱབས་ལགས་བཅས་ཀྱི་ལྷན་དུ་རིག་ལྡན་སྒྲོལ་མ་ལགས་ནས་གླེང་མོལ་ཞུས་པར་གསན་རོགས།།