རྒྱ་གཞུང་གིས་བོད་ནང་སྤེལ་བའི་སློབ་གསོའི་འབྱུང་རིམ་དང་ཤུགས་རྐྱེན།


2018-11-16
Share
རྒྱ་གཞུང་གིས་བོད་ནང་སྤེལ་བའི་སློབ་གསོའི་འབྱུང་རིམ་དང་ཤུགས་རྐྱེན། ཆབ་མདོ་ས་ཁུལ་དུ་རྒྱལ་གཅིག་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་བའི་ཚོགས་འདུ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང༌།

༄༅།། ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་བརྗོད་གཞི་ནི། བོད་ནང་མི་སེར་སྤེལ་བའི་སློབ་གསོའི་བྱུང་འཕེལ་སྐོར་ཡིན། གཙོ་བོ་མི་རིགས་སློབ་གསོ་དང་རྒྱ་བསྒྱུར་སློབ་གསོའི་བྱུང་རིམ་དང་། དེའི་ཤུགས་རྐྱེན་དང་དགེ་སྐྱོན། དེ་བཞིན་བོད་ཁུལ་གྱི་སློབ་གསོའི་སྲིད་ཇུས་ལ་འགྱུར་བ་ཐེབས་སྟངས། སློབ་ཆེན་ཁག་གི་སློབ་མ་བསྡུ་ལེན་བྱེད་སྟངས། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་བསླབ་གཞི་གོ་སྒྲིག་བྱེད་སྟངས། ད་དུང་དགེ་བའི་བཤེས་གཉེན་དག་ལ་འཕྲད་ཀྱིན་པའི་དཀའ་ངལ། མི་རིགས་སློབ་ཆེན་ཁག་ནས་སློབ་མཐར་ཕྱིན་པའི་བོད་རིགས་སློབ་མར་སྤྱི་ཚོགས་སྟེང་ལས་ཀ་རག་དཀའ་བའི་གནད་དོན་སོགས་ཀྱི་ཐད། འབྲེལ་ཡོད་བོད་མི་ཆེད་མཁས་པ་གཉིས་དང་མཉམ་དུ་སྟག་ལྷ་རྒྱལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་སྟག་ལྷ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།