མུ་རིའི་རྩྭ་ཐང་དུ་རྡོ་སོལ་སྔོག་འདོན་བྱས་པའི་གནོད་འཚེ།
2019.01.25
༄༅།།དེ་རིང་གི༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། རྒྱ་ནག་གི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་དང་མདོ་ལ་རིང་མོའི་འཁྱག་རིམ་དང་གཙང་པོ་མང་པོའི་མགོ་ཁུངས་སུ་ཆགས་པའི་མུ་རིའི་རང་བྱུང་རྩྭ་ཐང་དུ་ལོ་མང་རིང་བྱུང་རྒྱལ་དུ་རྡོ་སོལ་སྔོག་འདོན་བྱས་རྐྱེན། ས་དེའི་རང་བྱུང་ཁོར་ཡུག་ལ་འབག་བསླད་ཧ་ཅང་གི་ཚབས་ཆེན་བཟོས་པ་མ་ཟད། མུ་རི་ས་ཁུལ་གྱི་སྣོད་བཅུད་གཉིས་ཀར་གནོད་འཚེ་བཅོས་ཐབས་བྲལ་བ་བཏང་ནས། འབྲོག་པའི་གཡང་དཀར་ལུག་གི་ཁ་དོག་ནག་པོར་གྱུར། སྔོ་ལྗང་རྩྭ་ཐང་གི་ཁ་དོག་ནག་པོར་གྱུར། ཆུ་དང་ཆུ་ཕྲན་གྱི་ཁ་དོག་ནག་པོར་གྱུར། མདོར་ན་ས་ཁུལ་དེའི་སྣོད་བཅུད་གཉིས་ཀའི་ཁ་དོག་ནག་པོར་བསྒྱུར་ཡོད།
ད་བར་དུ་ཡིག་ཆ་རྫུན་མ་ཞིག་གིས་མགོ་གཡོག་མགོ་སྐོར་བཏང་ནས་རྒྱ་ཁྱོན་ན་སྤྱི་ལེ་གྲུ་བཞི་མ ༤༦ སྟེ་ལྷ་ས་གྲོང་ཁྱེར་གྱི་ཆེ་ཆུང་འདྲ་བོ་ཞིག་སྔོག་པའི་བར། གཞུང་གིས་བདེན་རྫུན་གྱི་དབྱེ་བ་མ་འབྱེད་པ་དེ་ཅི་ཞིག་ཡིན་ནམ། རྒྱ་ནག་གིས་གཏེར་ཁ་སྔོག་འདོན་དང་། ཁོར་ཡུག་སྲུང་སྐྱོབ་ལ་སོགས་པའི་ཁྲིམས་ལུགས་གཏན་འབེབས་བྱས་ཡོད་དམ་མེད། གལ་ཏེ་ཡོད་ན་ཅིའི་ཕྱིར་ཁྲིམས་ལུགས་དེ་དབང་ཆ་དང་སྒོར་མོའི་མདུན་ནས་དེ་འདྲའི་ནུས་མེད་ཅིག་ཆགས་སོང་བ་རེད་དམ། གཤམ་དུ་གོང་ཞུས་གནད་དོན་དེ་དག་གི་ཐད་ཁྲིམས་གླེང་དྲྭ་རྒྱ་གཙོ་སྐྱོང་བ་རྒྱ་ནག་གི་ཁྲིམས་ལུགས་ཉམས་ཞིབ་པ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་དང་མཉམ་དུ་ལས་རིམ་གཙོ་སྐྱོང་བ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་བྱས་པར་ཉན་རོགས་ཞུ༎
གསར་འགོད་པ་སྟག་ལྷ་རྒྱལ།